[A:༨ན]ཅན་དང་། དེའི་བསྡུས་དོན། ལག་ན་རྡོ་རྗེའི་གཟུངས་ཀྱི་ལག་ཏུ་བླངས་པའི་རིམ་པ།
བསྟོད་པ་རྒྱ་གར་མ་དང་བཅས་པ།
མི་གཡོ་གསང་ཆེན་གྱི་རྣམ་འགྲེལ། འདི་ལ་མི་གཡོ་བའི་གསུང་རྒྱུད་ལེའུ་བཞི་པའི་མན་ངག་ཀྱང་ཟེར། དཔུང་བཟང་མདོ་འགྲེལ། སྡོམ་པ་ཉི་ཤུ་པའི་འགྲེལ་པའི་ཊཱིཀྐ། སྤྱོད་འཇུག་གི་བསྡུས་དོན། སྒྲུབ་ཐབས་བརྒྱ་རྩའི་ཊཱིཀྐ་ལོ་རྒྱུས་སྤྱིའི་རྣམ་གཞག་བསྡུས་དོན་དང་བཅས་པ། ཡེ་ཤེས་རྡོ་རྗེ་ལ་གནང་བའི་མགུར། ཞེན་པ་བཞི་བྲལ་གྱི་ཉམས་དབྱངས། ཡེ་ཤེས་རྡོ་རྗེས་སྙན་གསོལ་བའི་ལན་གྱི་མགུར། ཆོག་པ་དྲུག་གི་མགུར། གནས་བསྐོར་བ་ལ་གདམས་པ།གནས་བསྟོད་ཀྱང་ཟེར།
རྨི་ལམ་ཉམས་ལེན་བརྒྱད་ཀྱི་མགུར། ཕྱག་རྒྱ་ཆེན་པོ་ངང་དྲུག་གི་མགུར། འཁོར་བའི་ཉེས་དམིགས་ཀྱི་མགུར། འཚལ་བ་བརྒྱད་ཀྱི་མགུར། འཚལ་པ་བཅུའི་མགུར། རང་ལ་རང་གིས་བསྐུལ་མའི་མགུར། ཉམས་དབྱངས་ཆེན་མོ། གསོ་སྤྱད་བདུད་རྩིའི་ཐིགས་པ།ཐོར་སྤྱད་རྒྱལ་པོའི་དཀོར་མཛོད་ཅེས་པ་ཡང་སྣང་།
འདི་རྣམས་ཀྱང་མཆན་ཡོད་མཆན་བཅས་ལེགས་པར་ཐོས་སོ། །འདི་རྣམས་ཀྱི་ལུང་དང་གླེགས་བམ་ཕྱོགས་གཅིག་ཏུ་བསྡེབས་པ་དང་པོ་ནས་མེད་ཀྱང་། དུས་ཕྱིས་བླ་མ་དམ་པ་དཔལ་ལྡན་སེང་གེའི་ཐུགས་དགོངས་རྫོགས་པའི་ཕྱིར་དུ་འགྲོ་བའི་མགོན་པོ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོའི་བཀས་བསྐུལ་ཏེ་མཁན་པོ་ཤེས་རབ་རྡོ་རྗེས་ལུང་སུ་ཡོད་ལ་ཞུས་ཤིང་། དེས་མཁན་ཆེན་རྒྱལ་བ་བཟང་པོ། མཁན་ཆེན་བྱང་ཆུབ་སེང་གེ ཐམས་ཅད་མཁྱེན་པ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་