R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༨བ
[A:༨བ]དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བསྟན་པའི་གསལ་བྱེད་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། གྲུབ་པའི་གཙུག་རྒྱན་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོ། མཁན་ཆེན་ཆོས་ཀྱི་རྗེ་རཏྣ་དྷྭ་ཛ། དཔལ་ས་སྐྱ་པ་ཆེན་མོ་གྲུབ་ཆེན་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཆོས་ཀྱི་རྗེ་ས་སྐྱ་པཎྜི་ཏའི་བཀའ་འབུམ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། ཐོག་མར་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར། རོལ་མོའི་བསྟན་བཅོས། བློ་གསལ་དོན་གཉེར་སྐྱེས་བུ་རྣམས་ལ་དྲི་བའི་སྤྲིངས་ཡིག
བློ་གསལ་སྐྱེ་བོའི་དྲི་བའི་ཚུལ་རྩོམ་འཕྲོ་ཞེས་པ་ཡང་སྣང་།
མཁས་པ་འཇུག་པའི་སྒོ།
འཆད་རྩོད་རྩོམ་གསུམ་གསལ།
སྒྲ་ལས་འཇུག་པའི་རྣམ་པར་བཤད་པ། སྨྲ་སྒོའི་གནད་བསྡུས་པ། བྱིས་པ་བདེ་འཇུག་གི་རྣམ་བཤད། བྱིས་པ་ལ་ཕན་པ། ཡི་གེའི་
མིང་ཚིག་ཡིག་གསུམ་གསལ།
སྦྱོར་བ། སྒྲ་ཉེ་བར་བསྡུ་བའི་ཚིགས་སུ་བཅད་པ། མིང་གི་མངོན་བརྗོད་ཚིག་གཏེར། སྡེབ་སྦྱོར་སྣ་ཚོགས་མེ་ཏོག་ཆུན་པོ།
སྐྱེ་བ་གཞན་སྦྱངས་འདི་ནས་འབྱུང་།
བདེ་བར་གཤེགས་པའི་ཐུགས་རྗེ་ལས་བསྐུལ་བ། རྗེ་བཙུན་ཆེན་པོའི་རྣམ་ཐར།
བསྟན་རྩིས་ཀྱང་ཡོད།
ང་བརྒྱད་རང་འགྲེལ་དང་བཅས་པ།
ཤང་དཀར་ཨ་ནནྡ་བདེ་བྱེད་དགའ་བ་ཡིན་པ་འདི་ནས་བྱུང་།
སེམས་བསྐྱེད་ཆེན་མོ།
དབུ་མ་ལུགས་ཀྱི་སེམས་བསྐྱེད་ཀྱང་ཟེར།
སེམས་བསྐྱེད་པའི་ཆོ་ག་ལུང་དང་སྦྱར་བ།
ལུང་སྦྱོར་ཆེན་མོ་ཡང་ཟེར།
རྒྱལ་སྲས་ལམ་བཟང་།
ཐུབ་པ་དགོངས་གསལ།
རྗེ་བཙུན་རིན་པོ་ཆེ་ལ་བསྟོད་པ།
ཡོན་ཏན་རྒྱ་མཚོ་མ།
སྡོམ་པ་གསུམ་གྱི་རབ་ཏུ་དབྱེ་བ།
མཆན་