R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༣བ
[A:༡༣བ]གསལ། ལས་འབྲས་གསལ་བའི་མེ་ལོང་། རྒྱལ་པོ་ཇིམ་བིག་དེ་མུར་ལ་གཏམ་དུ་བྱ་བ་ནོར་བུའི་ཕྲེང་བ། རྒྱལ་པོ་མངྒ་ལཾ་ལ་གཏམ་དུ་བྱ་བ་བཀྲ་ཤིས་ཀྱི་ཕྲེང་བ། རྒྱལ་པོ་མོ་ནོ་གན་ལ་སྤྲིངས་ཡིག རྒྱལ་པོ་ཧོང་ཀོའི་དོན་དུ་མཛད་པ་ཐེག་པ་ཆེ་ཆུང་གི་ལམ་གྱི་རྣམ་གཞག རྒྱལ་པོ་དེ་ཀུ་བྷོ་ག་ལ་གདམས་པ་བདུད་རྩི་འབྱུང་བ། རྒྱལ་པོ་དེ་མུར་བྷོ་ག་ལ་གདམས་པ་ཟླ་བའི་འོད་ཟེར། དཔོན་མོ་པུནྡྷ་རི་ཀ་ལ་གདམས་པར་བྱ་བ་སྒྲུབ་པའི་རིམ་པ་གསལ་བ། རྒྱལ་པོ་ཇིམ་གྱིམ་ལ་སྤྲིངས་ཡིག་ཚན་པ་གསུམ། ཨ་ཙ་ར་ལ་སྤྲིངས་ཡིག སྤྲིངས་ཡིག་རིན་ཆེན་ཕྲེང་བ། ཡེ་ཤེས་འབུམ་ལ་གདམས་པ། རིག་པ་སྨྲ་བ་གྲགས་བཟང་ལ་སྤྲིངས་ཡིག བདེན་པ་གཉིས་རྣམ་པར་ངེས་པ།
སློབ་དཔོན་དཔལ་གྱི་ཞུས་ལན་ཡང་ཟེར།
ཟབ་མོ་སྣང་བའི་རབ་ཏུ་བྱེད་པ། ཕྱག་རྒྱ་ཆེན་པོ་ཉམས་སུ་ལེན་ཚུལ། ཕྱག་རྒྱ་ཆེན་པོ་ཡན་ལག་བདུན་ལྡན། ཡན་ལག་བདུན་ལྡན་གྱི་གཏམ། དམ་ཚིག་པདྨ་དཀར་པོའི་མདོའི་ཚིག་འབྲུ་འགའ་ཞིག་ལ་ལོག་པར་རྟོག་པ་དགག་པ། བུ་མོ་རིན་ཆེན་གྱིས་ཞུས་པའི་མདོའི་དོན་བསྡུས་པ། ཟབ་མོ་མདོ་ལྔའི་སྡོམ།
ཐེག་པ་ཆེན་པོའི་མན་ངག་བསྡུས་པའང་ཟེར། དེ་བཞིན་གཤེགས་པ་སྙིང་པོའི་མདོ། གསང་སྔགས་ཐབས་ལ་མཁས་པ། ཏིང་ངེ་འཛིན་རྒྱལ་པོ། མདོ་སྡེ་ས་བཅུ་པ། སངས་རྒྱས་ཀྱི་ས་རྣམས་སོ། །
བླ་མ་བརྒྱུད་པའི་བསྡུས་དོན། སྐྱོ་བའི་གཏམ་གྱི་ཚིགས་སུ་བཅད་པ། ངན་པའི་སྤྱོད་པ་ལ་ཁྲེལ་བ། ཐེག་པའི་དབྱེ་བའི་དོན་བསྡུས་པ། བསམ་གཏན་ཤེས་རབ་ཀྱི་ཞུས་ལན། བྱང་ཆུབ་ལམ་གྱི་སྙིང་པོ་བསྒོམ་པའི་རིམ་པ། དབུས་གཙང་དུ་ཆོས་འཁོར་དུས་ཀྱི་བཀའ་ཡིག ཚྭ་རོང་པ་ལ་སྤྲིངས་ཡིག རང་གི་སློབ་