R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༤ན
[A:༡༤ན]མ་ལ་སྤྲིངས་ཡིག ཟབ་མོ་ཉམས་སུ་ལེན་ཚུལ། ཇིམ་བིག་ལ་སྤྲིངས་ཡིག ཡིག་རྐྱང་ཆུས་གླེགས་བམ་བསྒྲུབ་པའི་ཡི་གེ རྒྱལ་པོ་བྱང་ཆུབ་སེམས་དཔའ་ལ་སྤྲིངས་ཡིག རྒྱལ་པོ་ཨ་རོག་ལ། རིན་ཆེན་དཔག་ཤི་ལ། པཎྜི་ཏ་ལཀྵི་ཀ་ར་ལ། གཤོང་སྟོན་ལོ་ཙཱ་བ་ལ། རྭ་སྟོན་ལ། རལ་གྲི་ལ། སྤྱི་བོ་ལྷས་པ་བྱང་ཆུབ་འོད་ལ། གཤོང་སྟོན་ལ། བོད་ཀྱི་མཚན་ཉིད་པ་སྤྱི་ལ། སྟག་ལུང་པ། བཀའ་བརྒྱུད་སྤྱི་ལ། དབུས་ཀྱི་སྒོམ་ཆེན་པ་སྤྱི་ལ། རྒྱལ་པོ་ཇིམ་བིག་དེ་མུར་ལ་གདམས་པ་གཉིས། རྒྱལ་པོ་ཇིམ་གྱིམ་ལ་གཉིས། དུར་གལ་དུར་མིག་ལ་བསྐུར་བ་གཉིས། ཡང་ཚིགས་བཅད་ཐོར་བུ་གཅིག ཇིམ་གིམ་ཧོ་ཀོ གྲགས་བཟང་། སྟོན་གཞོན་རྣམས་ལ་སྤྲིངས་ཡིག་རེ་རེ། གོས་དར་ལྔ་སྟོང་བཞི་བརྒྱ་ཕུལ་དུས་ཀྱི་བསྔོ་ཡིག ཚེ་དཔག་མེད་ལ་བསྟོད་པ་ཤླཽ་ཀ་གཅིག ཚིགས་བཅད་ཐོར་བུ་བ་གཉིས། མགོན་གཡག་ལ་བསྔགས་པ། ཟིན་ཤིང་གི་སྟོན་པ་དྲུག་བཏུལ་བའི་ཚིགས་བཅད། དགེ་བའི་བཤེས་གཉེན་གྱི་མཚན་ཉིད། བསྙེན་གནས་ལེན་པའི་ཆོ་ག རྒྱལ་པོ་ཇིམ་གྱིམ་གྱི་བཀའ་འགྱུར་རོ་ཅོག་བཞེངས་པའི་མཚོན་བྱེད་པ་སྡེབས་ལེགས་ཀྱི་རྒྱན་རྣམ་པར་བཀྲ་བ། རྒྱལ་པོ་མངྒ་ལཾ་ཡབ་ཡུམ་གྱིས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད། རྒྱལ་པོ་ཇིམ་བིག་ཐེ་མུར་གྱིས་ཕལ་པོ་ཆེ་གསེར་འོད་སྟོང་ཕྲག་བརྒྱ་པ་བཞེངས་པའི་མཚོན་བྱེད། རྒྱལ་པོ་གོ་པེ་ལས་རྒྱས་འབྲིང་བསྡུས་གསུམ་བཞེངས་པའི་མཚོན་བྱེད། རྒྱལ་པོ་ཨ་རོག་གིས་འབུམ་བཞེངས་པའི་མཚོན་བྱེད། དགེ་འདུན་དཔལ་བཟང་སོགས་ཀྱིས་རྒྱས་འབྲིང་བསྡུས་གསུམ་