R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༥ན
[A:༡༥ན]ཀུན་བསོད། བླ་མ་དཔལ་ལྡན་སེང་གེ བླ་མ་དོན་ཡོད་པ་མན་འདྲའོ། ༈ །ཡང་གྲུབ་མཆོག་དམ་པ་དེ་ཉིད་ཀྱི་དྲུང་དུ། དེ་བཞིན་གཤེགས་པའི་སྐྱེ་རབས་སུམ་ཅུ་རྩ་བཞི་པ་སློབ་དཔོན་དཔའ་བོས་མཛད་པ་མཛྙུ་ཤྲཱིས་བསྒྱུར་པའི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། འཇམ་དབྱངས། ཀླུ་སྒྲུབ། སངས་རྒྱས་བསྐྱངས། ལེགས་ལྡན་འབྱེད། ཟླ་བ་གྲགས་པ། རིག་པའི་ཁུ་བྱུག གཞོན་ནུ་འབུམ། དྷ་པུ་རི་ཛ་ཡ་ཨ་ནནྡ། ཁུ་ལོ་ཙཱ་བ། ལེགས་ལྡན་བྱེད། གཙང་ནག་པ། གཤིན་ཆུ་སྐོར་བ། གཙང་པོ་ཇོ་ནག འོད་ཟེར་མགོན་པོ། འཇམ་དབྱངས་ཤཱཀ་གཞོན། རང་བྱུང་རྡོ་རྗེ། བླ་མ་གཡུང་སྟོན་པ། རོལ་པའི་རྡོ་རྗེ། ལྷོ་པ་རིན་པོ་ཆེ་གྲགས་པ་ཡོན་ཏན། ཆོས་རྗེ་གྲགས་པ་འབྱུང་གནས། མི་ཕམ་གཉིས་པ་ཚུལ་ཁྲིམས་དར། རིན་པོ་ཆེ་བསོད་ནམས་ལྷའི་དབང་པོ། སྤྱན་སྔ་ངག་དབང་ཆོས་གྲགས་རྒྱལ་མཚན། བླ་མ་དཔལ་ལྡན་ཆོས་འབྱོར། བྱམས་པ་ཀུན་དགའ་དོན་གྲུབ། དཔལ་ས་སྐྱ་པ་ཆེན་པོ་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཕགས་པ་རྡོ་རྗེ་གཅོད་པའི་མདོ་དང་། ཡོན་ཏན་རིན་པོ་ཆེ་སྡུད་པ་ཚིགས་སུ་བཅད་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཐུབ་པ། བྱམས་པ། ཐོགས་མེད། དབྱིག་གཉེན། འཕགས་གྲོལ། བཙུན་གྲོལ། རྣམ་སྣང་མཛད། སེང་བཟང་། ཡེ་ཤེས་ཞབས། དཔལ་སྦས། ཤིནྟི་པ། ཝ་ལ་ཙཎྜ། འབུམ་ཕྲག་གསུམ་པ། རྔོག་ལོ། འདྲེ་ཤེས་འབར། ཨར་བྱང་ཡེ། འདུལ་དཀར། འདྲེ་ཤེས་རབ་