R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༡༤བ
[A:༡༤བ]བཞེངས་པའི་མཚོན་བྱེད། རིན་ཆེན་དཔལ་གྱིས་འབུམ་བཞེངས་པའི་མཚོན་བྱེད། རྒྱལ་པོ་ཡབ་ཡུམ་གྱིས་མཆོད་རྟེན་བཞེངས་པའི་གསལ་བྱེད་སྡེབ་སྦྱོར་ཌཎྜ་ཀ་པ། བསྔགས་འོས་བསྔགས་པའི་རབ་ཏུ་བྱེད་པ། རྒྱ་བོད་ཀྱི་རྒྱལ་རབས། གསན་ཡིག རྒྱལ་པོ་གོ་པེ་ལ་སྲས་དང་བཙུན་མོར་བཅས་པ་ལ་ཤིང་མོ་ཡོས་ལོ་གསར་དུས་གནང་བའི་བཀྲ་ཤིས་ལ་སོགས་པ་བཀྲ་ཤིས་ཀྱི་ཚིགས་བཅད་ཉི་ཤུ་རྩ་བཞི།
རྒྱལ་མཚན་རྩེ་མོ་ཡང་འདིར་ཡོད།
མངྒ་ལཾ་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས། ཇིམ་བིག་ཡབ་ཡུམ་ལ་གནང་བའི་བཀྲ་ཤིས། ཡང་བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་གཅིག་རྣམས་ལེགས་པར་མཆན་ཡོད་མཆན་བཅས་རྣམས་ཐོས་པའི་བརྒྱུད་པ་ནི། ཆོས་རྒྱལ་འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ་བསོད་ནམས་དཔལ། བླ་མ་དོན་ཡོད་རྒྱལ་མཚན། སློབ་དཔོན་འདུལ་འཛིན། མཁན་ཆེན་བྱང་སེང་བ། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། རྒྱལ་ཚབ་ཀུན་དགའ་དབང་ཕྱུག ཡོངས་འཛིན་དཀོན་མཆོག་འཕེལ། ས་ལོ་འཇམ་པའི་རྡོ་རྗེ། ངོར་ཆེན་དཀོན་མཆོག་ལྷུན་གྲུབ། བསྟན་པའི་གསལ་བྱེད་སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། གྲུབ་པའི་གཙུག་རྒྱན་པདྨའི་རྣམ་འཕྲུལ་བསོད་ནམས་དབང་པོ། མཁན་ཆེན་ཆོས་ཀྱི་རྗེ་རཏྣ་དྷྭ་ཛ། དཔལ་ས་སྐྱ་པ་ཆེན་པོ་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཆོས་རྗེ་ཁུ་དབོན་གཉིས་ཀའི་བཀའ་འབུམ་གྱི་བརྒྱུད་པ་ལུགས་གཅིག་ནི། འཕགས་པ་རིན་པོ་ཆེ། དགའ་ལྡན་པ་བཀྲ་ཤིས་དཔལ། དགའ་ལྡན་པ་