[A:༣བ]པོ། རྡོ་རྗེ་གཙུག་ཏོར། འཁོན་དགེ་སྐྱབས། དགེ་མཐོང་། འཁོན་བལ་པོ། འཁོན་ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། འཁོན་དཀོན་མཆོག་རྒྱལ་པོ། ས་སྐྱ་པ་ཆེན་པོ་ཀུན་དགའ་སྙིང་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ། འཕགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། ཁ་འུབ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་རྡོར། ལོ་ཙཱ་བ་མཆོག་ལྡན་ལེགས་བློ། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན་དཔལ་བཟང་པོ། བླ་མ་དཔལ་ལྡན་ཚུལ་ཁྲིམས། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་བསོད་ནམས་ལྷུན་གྲུབ་ལེགས་པའི་འབྱུང་གནས་རྒྱལ་མཚན་དཔལ་བཟང་པོ། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ངག་དབང་ཀུན་དགའ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དཔལ་ས་སྐྱ་པ་སྔགས་འཆང་ཆེན་པོ་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གྲུབ་པའི་སྐྱེས་ཆེན་དམ་པ་ས་སྐྱ་པ་མཐུ་སྟོབས་དབང་ཕྱུག སྔགས་འཆང་ངག་དབང་ཀུན་དགའ་དབང་རྒྱལ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་འཇམ་དབྱངས་སྐུ་མཆེད་གཉིས་ཀའི་དྲུང་དུ། མ་ཅིག་གྲུབ་པའི་རྒྱལ་མོ་ལུགས་ཀྱི་ཚེ་དཔག་མེད་ཀྱི་དབང་བཞི་བྱིན་རླབས་ཀྱི་ཚུལ་དུ་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། མ་ཅིག་གྲུབ་པའི་རྒྱལ་མོ། ཏི་ཕུ་བ། རས་ཆུང་བ། མི་ལ་རས་པ། དྭགས་པོ་ལྷ་རྗེ། ཐ་ཙ་བ། འབྲི་ཁུང་པ། སྤྱན་སྔ་བ། ཡང་