R382: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ རིགས་ལྡན་འཇམ་པའི་དབྱངས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་མཆེད་ཀྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): ༤ན
[A:༤ན]དགོན་པ། སྤྱན་སྔ་རིན་ཆེན་ལྡན། རྗེ་ཟུར་ཕུག་པ། འབའ་ར་བ་རྒྱལ་མཚན་དཔལ། ཆོས་རྗེ་བདེ་ལེགས་རིན་ཆེན། ཀུན་དགའ་དཔལ་བཟང་། དབུ་མ་དཔལ་ལྡན་བཟང་པོ། དྲིན་ཅན་དཔལ་ལྡན་མགོན་པོ། རྗེ་སངས་རྒྱས་རིན་ཆེན། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་གྲགས་པ་བློ་གྲོས་རྒྱལ་མཚན་དཔལ་བཟང་པོ། གྲུབ་མཆོག་མཐུ་སྟོབས་ཀྱི་དབང་ཕྱུག་སྔགས་འཆང་ངག་དབང་ཀུན་དགའ་དབང་རྒྱལ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཁོ་བོ་ཅག་གིས་རྗེ་བཙུན་ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་གྱི་ལུང་རྣམས་ཕལ་ཆེར་རྗེ་བཙུན་མུས་པ་ཆེན་པོ་དང་། རྗེ་ནགས་དགོན་པ་སྦྱིན་པ་གྲགས་པ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་ཀྱི་གྲགས་པ་སོགས་ལ་ནོས་མོད་ཀྱང་། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཡབ་སྲས་ནས་བརྒྱུད་པ་ཞིག་གུས་ཞེན་གྱིས་ཐོབ་འདོད་ཆེ་བར་ཡོད་པ་བཞིན། དུས་ཕྱིས་བརྒྱུད་པ་དེ་ལས་འོངས་པའི་ས་སྐྱ་པ་གོང་མ་ལྔའི་བཀའ་འབུམ་གྱི་ལུང་རྣམས་གྲུབ་མཆོག་མཐུ་སྟོབས་དབང་ཕྱུག་གི་དྲུང་དུ་དོན་གཉེར་ཆེན་པོས་ནོས་པ་ལ། ཐོག་མར་རྗེ་བཙུན་ས་སྐྱ་པ་ཆེན་པོའི་བཀའ་འབུམ་གྱི་ཆོས་ཀྱི་རྣམ་གྲངས་ལ།
ལྗགས་ལུང་གནང་སྐབས་རྡོ་རྗེ་སེམས་དཔའ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཞེས་སོགས་དཔོན་སློབ་ཐམས་ཅད་ཀྱིས་ཡིག་བརྒྱ་གང་མང་བཟླས་རྗེས་ཆོས་གཏོར་གནང་། དེ་སྐབས་མཎྜལ་འབུལ། དེ་ནས་འོ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོགས་སྤྱི་འགྲོ་ལྟར་མཛད།
རྡོ་རྗེའི་ཚིག་རྐང་ས་བཅད། གཞུང་བཤད་ཨ་སེང་མ། སྙག་མ། གཞུང་བཤད་