[A:111]དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བྱམས་པའི་སྨོན་ལམ་གྱི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཀུན་དགའ་བོ། དགེ་སློང་མ་ཀུན་དགའ་མོ། དགེ་སློང་མ་གྲགས་འཛིན་མ། དགེ་སློང་མ་ཉེར་གནས་མ། རྣལ་འབྱོར་པ་ཨེ་ནེ་བཛྲ། རྡོ་རྗེ་གདན་པ། མྱ་ངན་མེད་པའི་དཔལ། གསེར་གླིང་པ། ཇོ་བོ། འབྲོམ་སྟོན་པ། པོ་ཏོ་བ། སློབ་དཔོན་བྱང་ཆུབ་སྒང་པ། གཅེས་བསྒོམ་རྫོང་པ། གྲུབ་ཐོབ་ཧཱུྃ་འབར། འཆིམ་ནམ་མཁའ་གྲགས། སྐྱོ་སྟོན་སྨོན་ལམ་ཚུལ་ཁྲིམས། སྐྱི་སྟོན་པ། དོལ་བུ་བ། མ་ཏི། ས་བཟང་འཕགས་པ། རྡོ་རྗེ་འཆང་འཇམ་དབྱངས་ཤེས་རྒྱམ་པ། རྭ་སྟོན་པ། རྗེ་བཙུན་ཀུན་དགའ་མཆོག་གྲུབ།
འདིའི་བར་དུ་བརྒྱུད་པ་འགའ་ཞིག་བཙལ།
སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བྱང་ཆུབ་ལྟུང་བཤགས་ཀྱི་ལུང་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས། ཉེ་བར་འཁོར། ཤ་ནའི་གོས་ཅན། ཉེར་སྦས། དྷི་དྷི་ཀ ནག་པོ། ལེགས་མཐོང་། ཕྱིར་མི་འོང་། བློ་མི་འབེབས། ཡོན་ཏན་འོད། ཤཱཀྱ་འོད། སེང་གེའི་གདོང་པ་ཅན། དཱ་ན་ཤི་ལ། ཛི་ན་མི་ཏྲ། གཉག་ལོ་ཙཱ་བ། ཁྱུང་པོ་གྲགས་སེང་། འོར་སྟོན་ལྷའི་དབང་ཕྱུག སོ་ཆོས་ཤེས། ཞང་སྟོན་དར་སེང་། སྐྱི་སྟོན་ཆོས་མགོན་དཔལ། དབུས་པ་སངས་རྒྱས་འབུམ། ཆོས་སྐུ་བ། འཕགས་འོད། བུ་སྟོན། ཐུགས་སྲས་ལོ་ཙཱ་བ། ས་བཟང་འཕགས་པ། རྗེ་རྡོ་རྗེ་འཆང་། འཇམ་དབྱངས་ཤེར་རྒྱམ་པ། རྭ་སྟོན། རྗེ་