R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 110
[A:110]རྒྱས་སེང་གེ ཐར་རྩེ་ནམ་མཁའ་དཔལ་བཟང་། རྩེ་གདོང་པ་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སྨན་ཆེན་བརྟེན་པའི་མན་ངག་དང་བཅས་པ་བླ་མ་ས་ཆེན་གྱིས་མཛད་པ་ཐོས་སོ། ༈ །བཀའ་གདམས་གཞུང་དྲུག་ལས་ཆེད་དུ་བརྗོད་པའི་ཚོམས། པཎྜི་ཏ་བིདྡྷ་ཀ་ར་པྲ་པ་དང་། ལོ་ཙཱ་བ་བནྡྷེ་རིན་ཆེན་མཆོག་གིས་བསྒྱུར་པའི་ལུང་ཐོབ་པའི་བརྒྱུད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས། ཀུན་དགའ་བོ། དགྲ་བཅོམ་རཀྵི་ཏ། དགྲ་བཅོམ་པ་ཆོས་སྐྱོབ། དགྲ་བཅོམ་པ་ཀྲིཥྞིའི་གོས་ཅན། དགྲ་བཅོམ་པ་ཤ་ནའི་གོས་ཅན། དགྲ་བཅོམ་པ་ཉི་མ་གུང་པ། རྒྱལ་རིགས་ཐམས་ཅད་མཁྱེན་པའི་བཤེས་གཉེན། འཕགས་པ་ཀླུ་སྒྲུབ། ཨརྻ་དེ་ཝ། འཇམ་དཔལ་གྲགས་པ། རཏྣ་ཨ་ཀ་ར་ཤནྟི། རྡོ་རྗེ་གདན་པ་ཆེ་བ། རྡོ་རྗེ་གདན་པ་བར་པ། རྡོ་རྗེ་གདན་པ་ཆུང་བ། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང་། དཔྱལ་པདྨོ་ཅན། མཁན་པོ་གཞོན་ནུ་ཡེ་ཤེས། རོང་པ་ཤེར་སེང་། བག་སྟོན་གཞོན་ནུ་ཚུལ་ཁྲིམས། བླ་མ་མགོན་པོ་འབུམ། སྤྲུས་སྟོན་བསོད་རྒྱལ། མཁན་ཆེན་ཤེས་རབ་རྡོ་རྗེ། བླ་མ་ཆོས་དཔལ་ཤེས་རབ། སློབ་དཔོན་བསོད་ནམས་སེང་གེ རིན་པོ་ཆེ་གྲགས་པ་དོན་གྲུབ། དགྲ་བཅོམ་པ་རིན་ཆེན་གྲགས་པ། བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རཏྣའི་མཚན་ཅན། མཁན་ཆེན་རཏྣ་ཨ་ཀ་ར། རྗེ་བཙུན་ངག་དབང་གྲགས་པ། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་