R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 113
[A:113]ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །བསླབ་པ་ཀུན་ལས་བཏུས་ཀྱི་ལུང་ཐོས་པའི་བརྒྱུད་པ་ནི། སློབ་དཔོན་ཞི་བ་ལྷ། ཨེ་ལ་དྷ་རི། དཔའ་བོའི་སྡེ། མགོན་པོ་གསེར་གླིང་པ། ཇོ་བོ་རྗེ་དི་པཾ་ཀ་ར། འབྲོམ་སྟོན་པ་རིན་པོ་ཆེ། པོ་ཏོ་བ་རིན་ཆེན་གསལ། ཤ་ར་བ་ཡོན་ཏན་གྲགས། ཆོས་ལུང་པ་གཏུམ་སྟོན་བློ་གྲོས་གྲགས། གྲོ་མོ་ཆེ་བ། ཞང་བཙུན་པ། ཞང་སྟོན་པ། སངས་རྒྱས་སྒོམ་པ། འཆིམ་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། སྐྱི་སྟོན་གྲགས་པ་རྒྱལ་མཚན། ཀུན་མཁྱེན་དོལ་བུ་པ། མཁན་ཆེན་ཕྱོགས་ལས་རྣམ་རྒྱལ། རྟོགས་ལྡན་ཡེ་ཤེས་རྒྱལ་མཚན། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་བཀའ་འགྱུར་བ། རཏྣ་ཨ་ཀ་ར། རྗེ་བཙུན་ངག་དབང་ཆོས་གྲགས་དཔལ་བཟང་པོ། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ཞི་བ་ལྷ། ཛེ་ཏ་རི། ཤེས་རབ་བློ་གྲོས་འབྱུང་གནས། དྷ་ན་ཤྲཱི། སུ་མ་ཏི་ཀིརྟི། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ། ཁྱུང་རིན་ཆེན་གྲགས། གཉལ་པ་ཞང་ཚེ་སྤོང་ཆོས་ཀྱི་བླ་མ། ཉང་ཕྲན་ཆོས་ཡེ། གཙང་ནག་པ། རྨ་བྱ་ཤཱཀ་སེང་། མཁན་ཆེན་བདེ་ལྡན་པ་གྲུབ་པ་དང་། མཁན་ཆེན་རྡོག་ཡེ། བླ་མ་ཤེས་རབ་རྒྱལ་མཚན། མཁན་ཆེན་ཤེས་རབ་རྡོ་རྗེ་བ། བླ་མ་ཆོས་དཔལ་བ། ཆོས་རྗེ་གྲགས་དོན་པ། ཆོས་རྗེ་བཀའ་འགྱུར་བ་ཤཱཀྱ་རྒྱལ་མཚན། རྗེ་བཙུན་རཏྣའི་མཚན་ཅན། མཁན་ཆེན་རཏྣ་ཨ་ཀ་ར། རྗེ་བཙུན་ངག་དབང་གྲགས་པ་དཔལ་བཟང་པོ། རྗེ་བཙུན་