[A:113]ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ།
འདིའི་བར་དུ་བསླབ་བཏུས་ཀྱི་ཚིག་འགའ་ཞིག་དངོས་སུ་མ་བྲིས་པའམ་ལུས་པ་གང་ཡིན་ཆ་མི་འཚལ་ཡང་འདིས་བྲིས་མིན་འདུག་པས་ཤོག་གྲངས་ཀྱང་དེ་ལྟར་བྲིས་ཡོད།
༈ །ཡང་ཆོས་ཀྱི་རྗེ་དེ་ཉིད་ཀྱི་དྲུང་དུ། རྒྱལ་བས་ལུང་བསྟན་བརྙེས་པའི་རྡོ་རྗེ་འཆང་ཀུན་དགའ་བཟང་པོའི་བཀའ་འབུམ་པོད་བཞི་མར་གྲགས་པའི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། རྩ་བའི་བླ་མ་དམ་པ་རྣམས་ལ་བསྟོད་པ། ཤར་ཆེན་ལ་བསྟོད་པ་ལྔ། གྲུབ་ཆེན་བུདྡྷ་ཤྲཱི། ས་བཟང་འཕགས་པ། མཁན་ཆེན་བཀྲ་ཤིས་རིན་ཆེན། ལོ་ཆེན་རིན་ཆེན་བཟང་པོ། རྗེ་ས་སྐྱ་པ་ཆེན་པོ་རྣམས་ལ་བསྟོད་པ། སྡོམ་གསུམ་བླ་མ་བརྒྱུད་པ་ལ་ཕྱག་འཚལ་བ། ལམ་ཟབ་བརྒྱུད་པའི་གསོལ་འདེབས། ལམ་འབྲས་ཕྱག་མཆོད་ཀྱི་ཁ་སྐོང་། ལམ་འབྲས། བསམ་མི་ཁྱབ། ལྷན་ཅིག་སྐྱེས་གྲུབ། མཆོད་རྟེན་དྲུང་ཐོབ། ཡི་གེ་མེད་པ། པདྨ་བཛྲའི་ལམ། གཏུམ་མོ་ལམ་རྫོགས། ཡོན་པོ་བསྲང་བ། ཨིནྡྲ་བྷུ་ཏིའི་ལམ། བདེ་མཆོག་རིམ་ལྔ། རྩ་དབུ་མའི་རིང་བརྒྱུད། རྩ་དབུ་མའི་ཉེ་བརྒྱུད། བདེ་མཆོག་དཀར་པོ། མཧཱ་མ་ཡའི་སྤྲོས་མེད། གསང་འདུས་རིམ་ལྔ་འགོས་ལུགས། རྭ་རྩེ་སེམས་འཛིན། ཤིན་ཏུ་སྤྲོས་མེད། སྤྱོད་འཇུག ཞེན་པ་བཞི་བྲལ་རྣམས་ཀྱི་བླ་མ་བརྒྱུད་པའི་གསོལ་འདེབས། རྡོ་རྗེ་རྣལ་འབྱོར་མ། ཤེར་ཕྱིན་དཀར་མོ། འཇམ་པའི་རྡོ་རྗེའི་དཀྱིལ་ཆོག འདོད་རྒྱལ། ཚོགས་བདག འཆི་བདག་འཇོམས་པའི་དཀྱིལ་ཆོག གཙུག་