R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 11
[A:11]དག་པ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྡོ་རྗེ་སེམས་དཔའ། སྤྲུལ་སྐུ་པདྨ་འབྱུང་གནས། འཁོན་སྟོན་ཀླུའི་དབང་པོ་བསྲུང་བ། རྡོ་རྗེ་རིན་ཆེན། ཤེས་རབ་ཡོན་ཏན། ཚུལ་ཁྲིམས་རྒྱལ་པོ། རྡོ་རྗེ་གཙུག་ཏོར། དགེ་སྐྱབས། དགེ་མཐོང་། བལ་པོ། ཤཱཀྱ་བློ་གྲོས། ཤེས་རབ་ཚུལ་ཁྲིམས། དཀོན་མཆོག་རྒྱལ་པོ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཁའུ་པ་འོད་ལྡན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། ལོ་ཙཱ་བ་མཆོག་ལྡན། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། མཁན་པོ་ཤེས་རབ་རྡོ་རྗེ། མཁན་པོ་ཐུགས་རྗེ་ཤེས་རབ། སྔགས་འཆང་དྷརྨཱ་ཀིརྟི། འཕགས་པ་ནམ་མཁའི་སྙིང་པོ། རྒྱ་དཀར་ཤེས་རབ་རྒྱལ་མཚན། འཇམ་དབྱངས་ཀུན་དགའ་བསོད་ནམས། སྤྱན་སྔ་ངག་དབང་ཆོས་གྲགས། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ཀུན་དགའ་རིན་ཆེན། འཇམ་དབྱངས་བསོད་ནམས་དབང་པོ། སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཆོས་རྒྱལ་འཕགས་པ་ཡན་གོང་བཞིན་ལས་དེ་ནས། ལོ་མཆོག བག་སྟོན། བླ་མ་ཚུལ་རྒྱལ། བླ་མ་དེ་པ། དཔལ་ཚུལ་བ། ངོར་ཆེན་ཀུན་བཟང་། པཎ་ཆེན་གྲགས་རྒྱལ། མཁན་ཆེན་ལེགས་འབྱུང་། ས་ལོ་མན་འདྲ། ༈ །མངའ་བདག་ཉང་རལ་ལུགས་ཀྱི་གུ་རུ་དྲག་དམར་གྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་