[A:10]འབར། བྱ་ཡུལ་བ་ཆེན་པོ་གཞོན་ནུ་འོད། མུས་སྨད་པ། ཕྱར་ཆེན་པོ། དཔལ་ལྡན་གྲོ་སྟོན་བདུད་རྩི་གྲགས། རྒྱ་སྟོན་ཤེས་རབ་འོད་ཟེར། དམར་སྟོན་བསོད་ནམས་འཕེལ། སློབ་དཔོན་གྲགས་འབུམ། རོང་སྨོན་རི་བ་མཁན་ཆེན་སངས་རྒྱས་རིན་ཆེན་པ། རིན་ཆེན་གྲགས་ཚུལ་བ། ཀུན་མཁྱེན་ནམ་མཁའ་འོད་ཟེར་བ། དུས་ཞབས་པ་ཆེན་པོ་དོན་གྲུབ་ཀུན་དགའ། བསོད་ནམས་ལྷའི་དབང་པོ། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། རྗེ་བཙུན་སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་དཔལ་ལྡན་བློ་གྲོས་ནས། སངས་རྒྱས་བསྒོམ་པ། འཆིམས་ནམ་མཁའ་གྲགས། མཁས་བཙུན་བསོད་ནམས་ཡེ་ཤེས། བྱང་སེམས་བསོད་གྲགས་པ། རིན་པོ་ཆེ་གྲགས་ཚུལ་བ། ཀུན་མཁྱེན་ནམ་འོད་པ། དེས་ཆོས་རྗེ་དོན་གྲུབ་ཀུན་དགའ། ཡང་ཀུ་ས་ལི་ཡན་ཆད་འདྲ་བ་ལ། ཇོ་བོ་ཆེན་པོ་ཨ་ཏི་ཤ ཡོལ་ཆོས་དབང་། དགེ་བཤེས་སྒྲེ་པ། རྗེ་ལུང་པ། ཤར་གླིང་པ། ཕོ་བ་ལུང་པ། སྙེ་མདོ་བ་ཐམས་ཅད་མཁྱེན་པ། སྙེ་མོ་བ་ཀུན་དགའ་དོན་གྲུབ། ར་བ་གྲགས་པ་ཤཱཀྱ་སེང་གེ མཁན་ཆེན་གྲགས་ཚུལ་བ། ཀུན་མཁྱེན་ནམ་མཁའ་འོད་ཟེར། ཆོས་རྗེ་དུས་ཞབས་པ་དོན་གྲུབ་ཀུན་དགའ། བསོད་ནམས་ལྷའི་དབང་པོ། རྗེ་བཙུན་ངག་དབང་ཆོས་གྲགས། བླ་མ་དཔལ་ལྡན་ཆོས་འབྱོར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ས་སྐྱ་པའི་ཡབ་ཆོས་རྡོ་རྗེ་ཕུར་པའི་སྨད་ལས་དྲག་པོ་སྒྲོལ་བའི་རྗེས་གནང་རྣམ་པར་