[A:130]སེར་ནག་གི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ་རེ་རེ། མི་གཡོ་པ་དཀར་སྔོན་གྱི་མངོན་རྟོགས་རྗེས་གནང་གི་ཆོ་ག་དང་བཅས་པ་རེ་རེ། སོ་འབྲང་གི་སྒྲུབ་ཐབས་འཆི་མེད་རང་གཟུངས་ཞེས་བྱ་བ་ལུས་བསྲུང་བའི་མན་ངག་གི་སྒོམ་བཟླས། ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྒོ་ནས་འཆི་མེད་སྒྲུབ་པའི་གདམས་ངག ཀླུ་སྒྲུབ་ལུགས་ཀྱི་ཕྱག་བཞི་པའི་མངོན་རྟོགས། ཕྱག་བཞི་པ་ལྷ་མང་གི་རྗེས་གནང་གི་ཆོ་ག རྣམ་སྲས་ཀྱི་གཏོར་ཆོག དེའི་རྗེས་གནང་གི་ཆོ་ག ཡོངས་རྫོགས་དགེ་བསྙེན་གྱི་བསླབ་བྱ། ཡས་གཏམ་རིན་པོ་ཆེའི་ཕྲེང་བ། བསྔོ་བའི་བསྟན་བཅོས་རིན་པོ་ཆེའི་མེ་ཏོག མཁས་པ་བློ་གྲོས་བཟང་པོ། བསམ་ཡས་ལྷ་བཙུན་པ། ཀུན་མཁྱེན་ཤེས་རབ་འོད་ཟེར། ཞུ་སྟོན་བཀྲ་ཤིས་རྒྱ་མཚོ། གནས་འཇི་ཆོས་རྗེ། བླ་མ་བྱང་ཆུབ་རྒྱལ་མཚན། བཤེས་གཉེན་བཀྲ་ཤིས་དཔལ་ལྡན། བཤེས་གཉེན་ཚུལ་ཁྲིམས་དཔལ་བཟང་། ཆོས་རྗེ་ལེགས་བློ་བ། རབ་འབྱམས་པ་འོད་བློ་བ། ཆོས་རྗེ་གྲགས་པ་བ། ཆོས་རྗེ་ཀུན་དགའ་རྒྱལ་མཚན་དཔལ། ཝ་སྐྱ་ཆོས་རྗེ། ཆོས་རྗེ་བསམ་འཕེལ་བ། ཤི་རི་ཆོས་རྗེ་ཁུ་དབོན་གསུམ། རི་ཁྲོད་པ་སྦྱིན་པ་འོད་ཟེར་རྣམས་ལ་བསྟོད་པ་རེ་རེ། ཀུན་མཁྱེན་ཤེས་རབ་འོད་ཟེར་ལ་ཕུལ་བ་མེ་ཏོག་གི་ཆུན་པོ། ལྷ་བཙུན་མ་གུར་རྒྱལ་ལ་ཕུལ་བ་ཆོས་གཏམ་བདུད་རྩིའི་ཐིགས་པ། མི་དབང་ངག་དབང་རྣམ་རྒྱལ་ལ་ཕུལ་བ་གཟུགས་ཀྱི་མེ་ལོང་། དེ་ལ་ཕུལ་བའི་ཞུ་ཡིག་མ་མོ་ལ་སྤེལ་བ། སྡེ་པ་རིན་ཆེན་དབང་རྒྱལ་ལ་ཕུལ་བ། དཔལ་རྣམ་པ་ལྷུན་གྲུབ་རྩེར་ཕུལ་བ་གཉིས། ཤི་རི་ཆོས་རྗེ། དཔོན་བཙུན་སེང་གེ་རྒྱ་