[A:131]མཚོ། ནང་སོ་དཔལ་ལྡན་དོན་གྲུབ་རྣམས་ལ་གདམས་པ་རེ་རེ། འཛམ་ཐང་སྐུ་སྐྱེ། གནས་འཇི་ཆོས་རྗེ། བླ་མ་བྱང་ཆུབ་རྒྱལ་མཚན། བླ་མ་བཀྲ་ཤིས་དཔལ་ལྡན། རབ་འབྱམས་པ་ཤེས་རབ་བཟང་པོ་གྲོགས་མཆེད། གློ་བོ་སྡེ་པ། མི་ཆེན་དཔོན་རྣམས་ལ་ཕུལ་བའི་ཞུ་ཡིག་རེ་རེ། རུ་ཐོག་ཇོ་བོ་ལ་ཕུལ་བ་གསུམ། དཔོན་ཆོས་མཛད་ལ་གདམས་པ། མངོན་རྟོགས་ལྗོན་ཤིང་ལས་འཕྲོས་པའི་དྲིས་ལན་ངེས་དོན་གསལ་བ། གསང་བ་སྒོ་འབྱེད་ལས་འཕྲོས་པས་དྲིས་ལན་ཟབ་དོན་སྙིང་པོ། ཨ་ལྡོང་བླ་མའི་དྲིས་ལན་ངང་པའི་ཕོ་ཉ། གནས་བརྟན་ཆོས་སྐྱོང་དཔལ་གྱི་དྲིས་ལན། ཀུན་གཞིའི་སྐབས་ཀྱི་དཀའ་གནས་གསལ་བྱེད། བརྒལ་ལན་ཚངས་པའི་རིགས་སྔགས་ཀྱི་དོན་བསྡུས་དོན་ཚན་བརྒྱད་པ། བརྒལ་ཞིང་བརྟགས་པའི་ལན་མཐའ་བྲལ་བདུད་རྩིའི་རོལ་མཚོ། མདོ་ཁམས་སུ་འབུལ་བསྐུལ་གྱི་ཡི་གེ དཀར་ཆག་གི་ཡི་གེ་ངོ་མཚར་དཔལ་གྱི་ཕྲེང་བ། རྔ་བོ་ཆེ་ལ་བསྔགས་པའི་རབ་ཏུ་བྱེད་པ་སོགས་ཚིགས་བཅད་ཐོར་བུ་ཁ་ཡར་རྣམས་ཐོབ་པའི་བརྒྱུད་པ་ནི། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་ནས་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཆོས་ཀྱི་རྗེ་རྒྱལ་ཚབ་དམ་པ་དཀོན་མཆོག་དཔལ་ལྡན་གྱི་གསུང་རབ་ཀྱི་ལུང་ཐོབ་པ་ལ་རྗེ་དཀོན་མཆོག་ལྷུན་གྲུབ་ཀྱི་རྣམ་ཐར་འདོད་དགུའི་དཔལ་འབྱུང་གི་རྣམ་བཤད་འདོད་དགུའི་ཆུ་གཏེར་བློ་གསལ་ངང་པའི་བསྟི་གནས། རྡོ་རྗེའི་