R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 134
[A:134]སློབ་བུའི་ཐ། །
ཤཱཀྱ་ཨུ་པཱ་ས་ཀ་ནནྡ་པུ་ཎ་མ་མ།
ཤཱཀྱའི་དགེ་བསྙེན་ཀུན་དགའ་བསོད་ནམས་བདག །
པྲ་སཱ་ད་སྨ་རེ་ན་ཙཱཀྵ་བ་ཨཉྫ་མཱ་ཏ།
བཀའ་དྲིན་དྲན་པས་མིག་ཟུམ་ཐལ་སྦྱར་ནས། །
ཤཱི་གྷྲ་ཤཱི་གྷྲཾ་ས་དཱནྟཱ་ཤྩ།
མྱུར་བ་མྱུར་བར་དུལ་བ་དང་བཅས་ཏེ། །
མུ་ཧུརྨུ་ཧུརྨུ་མཱ་མི་ཙ།
ཡང་དང་ཡང་དུ་ཕྱག་ནི་འཚལ་བར་བགྱི། །
ཛནྨ་ཛནྨ་དཱ་ཡཱ་གྲྀཧྞ།
སྐྱེ་བ་སྐྱེ་བར་བརྩེ་བས་རྗེས་འཛིན་མཛོད། །
ཨརྠ་ཨརྠ་མ་བྷརཏྲ་ཏྲ་ཏཾ།
དོན་དེ་དོན་དུ་གཉེར་བྱའི་གཙོ་བོ་ལགས། །
སངས་རྒྱས་ཀུན་ལས་རྒྱུ་མཚན་དུ་མ་ཡིས། །བཀའ་དྲིན་ཆེས་ལྷག་ཡོངས་འཛིན་མཆོག་རྣམས་ལས། །ཟབ་དང་རྒྱ་ཆེའི་ཆོས་ཚུལ་མནོས་པ་རྣམས། །སྙིང་པོར་དྲིལ་ནས་ཉམས་སུ་བླ་བའི་ཚུལ། །མདོ་རྒྱུད་ལམ་གྱི་རིམ་པ་དང་མཐུན་པར། །རང་དང་རང་གི་རྗེས་འཇུག་སློབ་ཚོགས་དང་། །སྐལ་མཉམ་འགྲོ་བ་གཞན་ལའང་ཕན་པའི་ཕྱིར། །ཉུང་ངུས་ངག་གིས་བརྗོད་ལ་བདག་ཡིད་སྤྲོ། །གང་དུ་གནས་ན་ཆོས་བརྒྱད་རྣམ་རྟོག་དང་། །ཕྱོགས་རིག་ཆགས་སྡང་ངང་གིས་འཕེལ་བའི་གཞི། །གྲོང་ཁྱེར་ཚོང་འདུས་ཕ་ཡུལ་ལ་སོགས་པ། །སྤངས་ཏེ་དགོན་གནས་རི་ཁྲོད་དབེན་པ་བསྟེན། །དེར་ཡང་ཆོས་མཐུན་འཚོ་བས་ཆོག་ཤེས་ཀྱིས། །ཚེ་འདིའི་ཕུན་ཚོགས་བསྒྲུབ་པའི་བློ་དོར་ནས། །བློ་ཕུགས་བླ་མ་དཀོན་མཆོག་ལ་གཏད་དེ། །རང་གི་སྒོ་གསུམ་བག་ཡོད་སྤྱོད་པའི་གནས། །མི་ལུས་ཐོབ་ཅིང་སངས་རྒྱས་བསྟན་དང་མཇལ། །སྒོ་གསུམ་བཀོལ་བཏུབ་རང་དབང་ཡོད་པ་ཡི། །འདི་འདྲའི་དུས་སུ་དམ་ཆོས་མི་བསྒྲུབ་ན། །ཆོས་བྱེད་དུས་ཤིག་ནམ་ཡང་རྙེད་མི་འགྱུར། །དང་པོ་མངལ་དུ་ཞུགས་པ་ནས་བརྩམས་ཏེ། །ལོ་ཟླ་ཞག་དང་ཟ་མས་འཆི་བར་ཉེ། །དེ་ལ་བྲོས་ཀྱང་ཐར་པའི་སྐབས་མེད་ན། །ཆོས་མེད་ཤི་ན་