R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 133
[A:133]དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ཅེས་བྱ་བ་ལས། ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ་ཀྱིས་རྗེས་སུ་བཟུང་བའི་སྐབས་ཏེ་བཅུ་གཅིག་པའོ། །ཡང་སྨྲས་པ། བུདྡྷ་ཏྲཻ་ལོཀྱ་ནཱ་ཐཾ་སུ་ར་ན་ར་ན་མི་ཏཾ་ས་ར་སཾ་སཱ་ར་ཏཱི་རཾ།
འཇིག་རྟེན་གསུམ་གྱི་མགོན་པོ་སངས་རྒྱས་ལྷ་དང་མི་ཡི་བཏུད་པ་འཁོར་བ་ཡི་ནི་ཕ་རོལ་བརྒལ། །
དྷི་རི་གཱམྦྷིརྻ་བནྟཾ་ས་ཀ་ལ་གུ་ཎ་ནི་དྷཾ་དྷརྨཱ་ར་ཛྱ་བྷི་ཥིཀྟི།
བརྟན་ཅིང་ཟབ་པ་དང་ལྡན་མཐའ་དག་ཡོན་ཏན་གཏེར་གྱུར་ཆོས་ཀྱི་རྒྱལ་སྲིད་དུ་ནི་དབང་ཐོབ་པ། །
ཏྲིཥྞ་མོ་ཧནྟ་ཀཱ་ལཾ་ཀ་ལི་ཀ་ལུ་ཥ་ཧ་རཾ་ཀཱ་མ་ལོ་བྷཱ་དེ་བརྫཛི་ཏཾ།
སྲེད་དང་རྨོངས་པ་མཐར་བྱེད་རྩོད་པའི་དུས་ཀྱི་དྲི་མ་འཕྲོག་ཅིང་འདོད་དང་ཆགས་སོགས་སྤངས་པ་ཡི། །
བནྡཾ་ཤཱཀྱ་སིཾ་ཧཾ་པྲ་ཎ་མ་ཏི་ཤྲཱི་རཱ་སཱ་སརྦ་ཀཱ་ལཾ་ན་མཱ་མི།
བཙུན་པ་ཤཱཀྱ་སེང་གེ་དེ་ལ་སྤྱི་བོས་རབ་ཏུ་བཏུད་དེ་དུས་རྣམས་ཀུན་ཏུ་ཕྱག་བགྱིའོ།
།ཡ་སྱ་ཏྲཱི་ཀཱ་ལ་ཛྙཱ་ཛི་ནཱ་ནུ་ཀམྤ།
གང་ཞིག་དུས་གསུམ་རྒྱལ་བའི་མཁྱེན་བརྩེ་རྣམས། །
ཀཱུ་ཊཻ་ཀ་པུ་ཎྱ་དྲི་ས་མསྟ་ར་སིཾ།
མཐའ་དག་གཅིག་སྤུངས་བསོད་ནམས་ཕུང་པོ་ཡིས། །
པཱཀྵ་དི་བོ་ཛཾ་ག་མ་པཱཎྜུ་བྷུ་མེཿ
རི་བོ་དངོས་སུ་རྒྱུ་འདྲ་ས་སྐྱ་པ། །
པཱ་དཱབྫ་ཏསྨཻ་ཤི་རཱ་སཱ་ན་མཱ་མི།
ཞབས་ཀྱི་ཆུ་སྐྱེས་དེ་ལ་སྤྱི་བོས་འདུད། །
ཤྲཱི་ཤཱཀྱ་སིངྷ་སྱ་སུ་བྷཱ་ཥ་སརྠ།
དཔལ་ལྡན་ཤཱཀྱ་སེང་གེའི་ལེགས་བཤད་ཀུན། །
ཛྙཱ་ནོ་མཧཱ་བྷུ་ཏི་བ་ཧུ་ཤུ་ཏ་སྱ།
མང་ཐོས་མཁྱེན་པའི་འབྱོར་པ་ཆེས་མངའ་ཞིང་། །
ཨདྦྷུ་ཏ་ཨ་ཙྪིནྣ་ཀརྨ་ཝ་ཏི།
རྨད་བྱུང་རྒྱུན་མི་འཆད་པའི་འཕྲིན་ལས་ཅན། །
ཤྲཱི་ཝནྶངྒུ་རུ་སྱ་པཱ་ད་སྱ་སིན་ནི་དྷི།
དཔལ་ལྡན་བླ་མ་དམ་པའི་ཞབས་ཀྱི་དྲུང་། །
བཻ་ནི་ཡ་སཱ་རུ་སྱ་བ་ར་སྭ་ཧི་ནཾ།
གདུལ་བྱ་མཆོག་དམན་རང་གི་བློ་འཚམས་པར། །
དྷརྨཱ་སྱ་ཨ་མྲྀ་ཏོ་སཱ་མི་ཏ་ཤཀྵྱ་ཨནྟ།
ཆོས་ཀྱི་བདུད་རྩིས་ཉེར་བསྐྱངས་