R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 15
[A:15]ལོ་པ། ན་རོ་པ། ཕཾ་མཐིང་པ། ཀློག་ཀྱ་ཤེས་རབ་བརྩེགས། མལ་གྱོ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། བོ་དོང་རིན་པོ་ཆེ། ཁྲོ་ཕུ་བ། ཡང་བརྩེ་བ་རིན་ཆེན་སེང་གེ བུ་སྟོན། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་དཀོན་མཆོག་རྒྱལ་མཚན། རྗེ་སངས་རྒྱས་རིན་ཆེན། རྗེ་བཙུན་སངས་རྒྱས་སེང་གེ ཡོངས་འཛིན་ནམ་མཁའ་དཔལ་བཟང་། རྗེ་ཀུན་དགའ་བཀྲིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན། གུ་གེ་པཎ་ཆེན། མཁན་ཆེན་བསོད་ནམས་ལྷུན་གྲུབ། འཇམ་དབྱངས་ཀུན་དགའ་བསོད་ནམས། བུདྡྷ་སིངྷ། རྗེ་ནམ་མཁའ་དཔལ་བཟང་། རྗེ་ཀུན་དགའ་བཀྲ་ཤིས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན། ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་བོ་དོང་རིན་པོ་ཆེའི་གནས་སུ་འགྲོ་མགོན་འཕགས་པའམ། ཚོགས་བསྒོམ་རིན་ཆེན་གང་རུང་ངོ་། ཁ་ཆེ་ལུགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་ཕག་མོ། དྲིལ་བུ་པ། དགའ་བའི་རྡོ་རྗེ། ཡན་ལག་མེད་པའི་རྡོ་རྗེ། ཨ་བྷྱ་ཀ་ར་གུཔྟ། དེ་ཝ་པུརྞ། ཁ་ཆེ་པཎ་ཆེན། སྤྱི་བོ་ལྷས་པ་སེང་གེ་དཔལ། ཞང་འདྲེ་ལུང་པ། རིན་པོ་ཆེ་ཁྲོ་ཕུ་བ། ཡང་རྩེ་བ། བུ་སྟོན། མཁས་གྲུབ་གཞོན་ནུ་བསོད་ནམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ་མན་སྔར་དང་འདྲ། ཡང་ན་དྲིལ་བུ་པ། དེ་ཝ་པུརྞ། ཁ་ཆེ་