R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 16
[A:16]པཎ་ཆེན་མན་འདྲའོ། ༈ །བདེ་མཆོག་མཁའ་འགྲོ་རྒྱ་མཚོའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། རྒྱལ་བ་རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། དཔའ་བོ་སྤྱན་རས་གཟིགས། བྱང་ཆུབ་སེམས་དཔའ་བློ་གྲོས་རིན་ཆེན། གྲུབ་ཆེན་ཤ་བ་རི་དབང་ཕྱུག སློབ་དཔོན་མཻ་ཏྲི་གུཔྟ། རྒྱ་གར་ཕྱག་ན་རྡོ་རྗེ། འགྲེལ་བྱེད་ཀ་མ་ལ་བཛྲ། པཎྜི་ཏ་ཛ་ཡ་སེ་ན། ལོ་ཙཱ་བ་དར་མ་ཡོན་ཏན། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། རིན་པོ་ཆེ་སྐྱོབ་པ་དཔལ། རྒྱལ་ཚབ་ཆོས་ཀྱི་དབང་ཕྱུག ལོ་ཙཱ་བ་མཆོག་ལྡན། བླ་མ་གཞོན་ནུ་ཚུལ་ཁྲིམས། བླ་མ་ཚུལ་ཁྲིམས་རྒྱལ་མཚན། བླ་མ་ངག་དབང་། བླ་མ་བྱང་སེང་། རྗེ་བཙུན་དམ་པ། ས་བཟང་འཕགས་པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། སེམས་དཔའ་ཆེན་པོ། གུང་རུ་ཤེར་བཟང་། ཀུན་མཁྱེན་བསོད་ནམས་སེང་གེ བྱས་འགྱུར་བ་བསོད་ནམས་སེང་གེ ཀུན་དགའ་ལེགས་པའི་བློ་གྲོས། མུས་ཆེན་ནམ་མཁའ་དབང་ཕྱུག རྗེ་སྟོང་ར་བ་ཀུན་དགའ་ལེགས་གྲུབ། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྟོག་པ་ལས་གསུངས་པའི་ཀུ་རུ་ཀུལླེ་ལྷ་ལྔའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། སྒྲོལ་མ། ཁ་ཆེ་པཎ་ཆེན། དཱ་ན་ཤི་ལ། ས་པཎ། འུ་ཡུག་པ་ཀུན་བསོད། ཉི་ཐོག་པ་ཀུན་སྨོན། ཡོན་ཏན་དཔལ། བུ་ལུང་པ་ཀུན་དགའ་རྡོ་རྗེ། དགའ་ལྡན་པ་ཀུན་བསོད། བྲག་ཕུག་པ། བློ་གྲོས་བརྟན་པ། དཔལ་ལྡན་ཚུལ་ཁྲིམས། ཡེ་ཤེས་རྒྱལ་