[A:24]ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྣམ་འཇོམས་བིར་ལུགས་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། རྡོ་རྗེ་རྣམ་འཇོམས། བིརྺ་པ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། སྐྱོ་སྟོན་དྲི་མེད། ཞང་དཀོན་མཆོག་དཔལ། དགའ་ལྡན་པ་ཀུན་བསོད། གན་པ་རིན་ཆེན་རྒྱལ་མཚན། འགྲོ་མགོན་བསོད་རྒྱལ། དཔལ་ཚུལ་བ། ཤར་ཆེན། ངོར་ཆེན། མུས་ཆེན། ཀུན་མཁྱེན། རྗེ་སངས་རིན། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་སངས་རྒྱས་སེང་གེ པཎ་ཆེན་ནམ་མཁའ་དཔལ་བཟང་། རྩེ་གདོང་ཀུན་དགའ་བསོད་ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་སྐྱོ་སྟོན་དར་བ་ཡེ་ཤེས། བག་སྟོན་གཞོན་ཚུལ། བླ་མ་ཚུལ་རྒྱལ། བླ་མ་དཔལ་ལྡན་ཚུལ་ཁྲིམས་མན་ཆད་གོང་དང་འདྲ། ཡང་ན། རྗེ་བཙུན། གན་པ་སྟོན་དར། གན་པ་སོ་སྟོན། གན་པ་ཆོས་རྒྱལ། གན་པ་ཆོས་རིན། གན་པ་རིན་རྒྱལ། འགྲོ་མགོན་བསོད་ནམས་རྒྱལ་མཚན་མན་གོང་བཞིན་ནོ། ༈ །ཚར་གསུམ་ཁུག་པའི་བྱིན་རླབས་ཡན་ལག་དྲུག་དང་བཅས་པའི་བརྒྱུད་པ་ནི། ས་པཎ་ཡན་ཆད་ལམ་འབྲས་དང་འདྲ་བའམ། ཡང་ན་འབྲོག་མི་ནས། མངའ་རིས་པ་གསལ་བའི་སྙིང་པོ། སྒྱི་ཆུ་བ། ས་ཆེན། རྩེ་མོ། རྗེ་བཙུན། ས་པཎ། ལུང་ཕུ་བ། བཀྲས་ལུང་པ། གཞོན་ནུ་གྲུབ། ཞང་བྱང་ཆུབ་ཤེས་རབ། འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་པ། རྗེ་བུདྡྷ་ཤྲཱི། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། རྒྱལ་ཚབ་ཀུན་