R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 23
[A:23]ཆེན། རྗེ་བཙུན། ས་པཎ། ལུང་ཕུ་བ། བཀྲས་ལུང་པ། མཁས་གྲུབ་པ། བླ་མ་ཀུན་བསོད། བྲག་ཕུག་པ་མན་འདྲ། ༈ །རྣལ་འབྱོར་དབང་ཕྱུག་གི་ཆོས་བཞི་ལས་ལམ་ཟབ་བླ་མའི་རྣལ་འབྱོར་གྱི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། ས་པཎ་ཡན་བརྡ་དོན་གསལ་བ་དང་འདྲ། དེ་ནས་ཚོགས་བསྒོམ་པ། ཉན་ཆེན་པ། བྲག་ཕུག་པ། རི་ཁྲོད་པ། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲའོ། ༈ །བིར་སྲུང་གི་བྱིན་རླབས་མན་ངག་དང་བཅས་པའི་བརྒྱུད་པ་ནི། བྲག་ཕུག་པ་ཡན་གོང་དང་འདྲ། དེ་ནས་ཆོས་རྗེ་རྣམ་གཉིས། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲ། ༈ །ལམ་སྦས་བཤད་ཀྱི་ཐུགས་རྡོ་རྗེའི་ཁྲིད་བདག་ཆེན་གྱི་ཡིག་ཆའི་ནང་བཞིན་དང་། འཁྲུལ་འཁོར། གྲུབ་ཆེན་བཅུ། ཕྲ་མོ་བརྒྱད་དང་བཅས་པའི་བརྒྱུད་པ་ནི་བིར་བསྲུང་དང་འདྲའོ། ༈ །དེའི་འཁྲུལ་འཁོར་སོ་གཉིས་ཀྱི་བརྒྱུད་པ་ནི། ཉན་ཆེན་པ། སྙག་སྙིང་པོ་རྒྱལ་མཚན། བླ་མ་རྒྱལ་མཚན་འབུམ། བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲའོ། ༈ །སྦས་བཤད་ཕོ་བྲང་ལྔ་འཕྲུལ་འཁོར་དང་བཅས་པའི་བརྒྱུད་པ་ནི། ཉན་ཆེན་པ། དཀར་བྲག་པ། དཔལ་ལྡན་ཚུལ་ཁྲིམས་པ་མན་འདྲ། ༈ །ཡང་ལམ་ཟབ་དང་བིར་བསྲུང་གི་བརྒྱུད་པ་ལུགས་གཅིག་ནི། དཔལ་ལྡན་ཚུལ་ཁྲིམས་པ་ཡན་གོང་དང་འདྲ་བ་ལས། དེ་ནས་གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན། མུས་ཆེན། ཀུན་མཁྱེན། ཡོངས་འཛིན། ས་ལོ། སྔགས་འཆང་ཆོས་ཀྱི་རྒྱལ་པོ། འཇམ་མགོན་བསོད་ནམས་དབང་པོ། སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་