R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 26
[A:26]སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དེ་ནས་ཕྱིའི་སྲུང་འཁོར་ལ་བརྟེན་པའི་རྡོ་རྗེ་བྲག་རྫོང་མའི་ཁྲིད་ཀྱི་རིམ་པ་བསྙེན་པ་བྱེད་ཚུལ་དང་བཅས་པ། དེའི་ནང་སེལ་གྱི་མན་ངག་སྐོར་ལ་སྔགས་པ་ནང་རྒྱས་ཀྱི་མན་ངག་དོན་ཚན་གསུམ། མལ་ཕུར་གྱི་གདམས་པ། ཨེ་ཀ་ཛ་ཏི་ལ་བརྟེན་པའི་རིམས་སྲུང་བ། རྨི་ངན་ཟློག་པའི་ཞལ་ཤེས། མགོན་པོའི་ཚེ་སྒྲུབ་དང་བཅས་པ། སླར་དེའི་རྗེས་སུ་ནང་གི་བྲག་རྫོང་མ་དྲག་པོ་སྔགས་རྒོད་ཀྱི་གདམས་པ། གསང་བའི་བྲག་རྫོང་མ་སེམས་ཉིད་ཡེ་ཤེས་ཀྱི་རྩལ་འདོན་རྣམ་རྟོག་བཞི་དང་བདུད་བཞི་ཚར་བཅད་དེ་ཚེ་འདི་ཉིད་ལ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་ཐོབ་པའི་ཐབས་ཁྱད་པར་ཅན་རྣམས་ཉམས་ཁྲིད་དུ་ནོས་ནས། དེ་དག་དང་འབྲེལ་བའི་རྒྱབ་ཆོས་ལུང་གི་སྐོར་ལ། མགོན་པོ་མེ་འབར་མར་གྲགས་པ་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། དེ་ཉིད་ཀྱི་དཀར་ཆག་བདག་ཆེན་རྡོ་རྗེ་འཆང་ཆེན་པོས་མཛད་པ། ནག་པོ་ཆེན་པོའི་ཞལ་གདམས། བརྒྱུད་པའི་ལོ་རྒྱུས། ལྕམ་དྲལ་གྱི་རྗེས་གནང་གི་ཡི་གེ་མལ་ལོས་མཛད་པ། ལྕམ་དྲལ་གྱི་རྗེས་གནང་འཕགས་པས་མཛད་པ། རྗེས་གནང་བླ་མ་དམ་པས་མཛད་པ། ལྷ་བརྒྱད་ཀྱི་རྗེས་གནང་ཡར་ཀླུང་པས་མཛད་པ། རྟེན་གཞིའི་ལུང་འབྲོག་མི་ལོ་ཙཱ་བས་བསྒྱུར་པའི་རྡོ་རྗེ་གུར་གྱི་རྒྱུད་ནས་ཕྱུང་བ། ནག་པོ་ཆེན་པོའི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ། སྒྲུབ་ཐབས་སློབ་དཔོན་བསོད་སྙོམས་པས་མཛད་པ། བྲམ་ཟེས་མཛད་པའི་སྒྲུབ་ཐབས་བ་རི་བས་བསྒྱུར་པ། གུར་མགོན་གཏེར་མའི་གཞུང་། ནག་པོ་ཆེན་པོའི་སྒྲུབ་ཐབས་དྲེག་པ་ཟིལ་གནོན་སློབ་དཔོན་པདྨས་མཛད་