[A:27]པ། གྲི་གུག་ལྷ་ལྔའི་དཀྱིལ་ཆོག་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་ལོ་ཆེན་རིན་བཟང་གིས་བསྒྱུར་པ། ནག་པོ་སྲོག་གི་སྤུ་གྲི་སྒྲུབ་ཐབས་བྲམ་ཟེ་མཆོག་སྲེད་ཀྱིས་མཛད་པ་བློ་གྲོས་གྲགས་ཀྱིས་བསྒྱུར་པ། ཕོ་རྐྱང་གི་སྒྲུབ་ཐབས་བོད་ཡིག་མ་ས་ཆེན་གྱི་སློབ་མ་པཎྱེ་བཛྲ་གྱིས་མཛད་པ། མཧཱ་ཀཱ་ལའི་མན་ངག་ཚན་པ་གཉིས། ལས་མཐར་ཕྱིན། མགོན་པོ་ཚོགས་བདག་ལྟར་བསྒྲུབ་པ་ས་ཆེན་གྱིས་མཛད་པ། དེའི་ལས་སྦྱོར་བྲམ་ཟེས་མཛད་པའི་བསད་ལས་ཀྱི་མན་ངག་བཀའ་བསྒོའི་ཚུལ་དུ་བསྒྲུབ་པའི་ལུགས། དྲག་པོའི་ལས་སྦྱོར་གསུམ་གྱི་མན་ངག མོ་རྐྱང་གི་སྒྲུབ་ཐབས་གཉན་ཕུལ་ཆུང་བས་མཛད་པ། མོ་རྐྱང་གི་མན་ངག མཁའ་འགྲོ་མ་དབང་དུ་བྱ་བ། ལྷ་མོའི་སྒྲུབ་ཐབས་པཎྜི་ཏ་ལོ་ཀ་ཤྲཱིས་བསྒྱུར་པ། ལྕམ་དྲལ་སྦགས་སྒྲུབ་ཀྱི་སྒྲུབ་ཐབས་འཕགས་པས་མཛད་པ། དེས་མཛད་པའི་ལྕམ་དྲལ་གྱི་གཏོར་ཆོག ལྷ་བརྒྱད་ཐུན་མོང་མ་ཡིན་པའི་བསྙེན་པ་བྱ་ཐབས་མལ་ལོས་མཛད་པ། བཀའ་སྡོད་ཀྱི་ཡི་གེ་བླ་མ་མལ་གྱི་དབོན་པོ་བློ་གྲོས་སེང་གེས་མཛད་པ། ལྷ་བརྒྱད་ཀྱི་སྒྲུབ་ལུགས་བཞིའི་རྣམ་གཞག་ཞིབ་ཏུ་བསྟན་པ་ས་ཆེན་གྱིས་མཛད་པ། ལྷ་བརྒྱད་མཁའ་འགྲོ་སྦགས་སྒྲུབ་འོད་ལྡན་དཔལ་གྱིས་མཛད་པ། ལྷ་བརྒྱད་ཀྱི་སྒྲུབ་ཐབས་ཟླ་བ་ཕྱེད་ཀྱིས་རྩལ་ཆེན་རྫོགས་པ་ལྡན་མ་ཀུན་དགའ་དཔལ་གྱིས་མཛད་པ། བསད་ལས་དང་ཟོར་འཕངས་ཀྱི་མན་ངག་པུ་ཏྲ་མིང་སྲིང་གི་བྱིན་རླབས་ཨ་གཉན་དམ་པས་མཛད་པ། ཡར་ཀླུང་པས་མཛད་པའི་རྗེས་གནང་རྒྱས་བསྡུས་གཉིས་ཟིན་བྲིས་སུ་བཀོད་པ། པུ་ཏྲའི་སྒྲུབ་ཐབས་སློབ་དཔོན་པདྨས་རྡོ་རྗེ་གདན་གྱི་ཀ་བ་ནས་