[A:39]མ་དཔལ། སློབ་དཔོན་ཤེས་རབ་བླ་མ། དམ་པ་ཀུན་དགའ་གྲགས། དགའ་ལྡན་པ་ཀུན་བསོད། གན་པ་རིན་རྒྱལ། བླ་མ་དམ་པ། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། པཎ་ཆེན་འབུམ་ཕྲག་གསུམ་པ། གོང་དཀར་བ་ཆོས་རྗེ་ཚུལ་ཁྲིམས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་ས་པཎ། མདོ་ཁམས་ཀྱི་རྟ་དགེ་བླ་མ། སློབ་དཔོན་ཤེས་རབ་བླ་མ་ནས། བདག་ཆེན་རྒྱ་དཀར་བ། མཁས་པའི་དབང་པོ་རཏྣ་ཤི་ལ། རྗེ་བཙུན་སྒོ་རུམ་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །རུ་མཚོན་གྱི་ལས་མཁན་བྲན་བདུད་གཤིན་རྗེ་ནག་པོའི་ཐུན་མོང་བའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ས་པཎ་ཡན་འདྲ་ལ། དོ་པ་སྟོན་ཚུལ། རྒྱལ་ཚ་ལུང་མང་པོ། མཁས་པ་ཡོན་ཏན་ཁྲི། མཁན་ཆེན་སེང་བཟང་། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། རྒྱ་དཀར་ཤེས་རབ་རྒྱལ་མཚན། གོང་དཀར་ཚུལ་ཁྲིམས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །བྲན་བདུད་ཐུན་མོང་མ་ཡིན་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། གྲུབ་ཆེན། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎ་གྲུབ་དད་བྱེད་གོ་ཆ། ལོ་ཙཱ་བ་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་