[A:38]རྒྱལ་མཚན། མཁན་ཆེན་ནམ་མཁའ་ལྷུན་བཟང་། མུས་སྲད་པ་མན་འདྲ། ༈ །གསང་ཁྲིད་ཀྱི་སྔོན་འགྲོའི་གུར་མགོན་ལྷ་དགུའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་མ་རྡོ་རྗེ་གུར། བྲམ་ཟེ་མཆོག་སྲེད། ནོར་བུ་གླིང་པ་བདེ་བའི་རྡོ་རྗེ། པཎ་གྲུབ་དད་བྱེད་གོ་ཆ། ལོ་ཆེན་རིན་ཆེན་བཟང་པོ། བྲག་སྟེང་པ་ཡོན་ཏན་ཚུལ་ཁྲིམས། མལ་ལོ་ཙཱ་བ་བློ་གྲོས་གྲགས། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། དམ་པ་ཀུན་གྲགས། བླ་མ་བདག་ཉིད་ཆེན་པོ། མཁས་བཙུན་ནམ་མཁའ་ལེགས་པ། ཆོས་རྗེ་བླ་མ་དམ་པ། སྔགས་འཆང་གཟུངས་ཀྱི་དཔལ་བ། རྗེ་བཟང་པོ་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། རྗེ་སངས་རྒྱས་མཆོག་པ། ཆོས་རྗེ་སྐྱེས་མཆོག་རྒྱལ་མཚན། གྲུབ་དབང་བཀྲ་ཤིས་སེང་གེ ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་བྱམས་པ་རབ་བརྟན། ཆོས་རྗེ་སྙིང་རྗེ་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ཚར་ཆེན། རྗེ་མཁྱེན་བརྩེ་བ། རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་མན་འདྲའོ། ༈ །ཕྱིའི་ལས་མཁན་གཅེར་བུ་ཟངས་གྲི་ཅན་དང་། ནང་གི་ལས་མཁན་བེར་ནག་ཟངས་གྲི་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ས་ཆེན་ཡན་འདྲ། འགོས་སྟོན། ཚར་སྒང་པ། དགེ་བཤེས་མི་གཡོ་བ། ཤེས་བསྒོམ་བླ་