R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 42
[A:42]ཁའི་ཆོས་སྐོར་ཐོབ་པའི་ཚུལ་ལ། ཐོག་མར་སྒྲུབ་དུས་ཀྱི་མགོན་པོ་ཞལ་ཁྲ་ཅན་ཐུན་མོང་བའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བ་ལིང་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། ཁ་ཆེ་རིན་ཆེན་རྡོ་རྗེ། རིན་ཆེན་གྲགས་པ། ཏ་ཐཱ་ག་ཏ་རཀྵི་ཏ། གཉན་ལོ་ཙཱ་བ། ཁ་འུབ་པ། ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། ཡར་ཀླུང་པ། མཁན་ཆེན་བསོད་ནམས་རྒྱལ་མཆོག འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིང་པ། རྡོ་རྗེ་འཆང་ཚར་པ། འཇམ་དབྱངས་མཁྱེན་བརྩེ། རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། བླ་མ་དམ་པ། བདག་ཆེན་ཀུན་དགའ་རིན་ཆེན། བཞི་ཐོག་པ་བློ་གྲོས་རྒྱལ་མཚན། ཆོས་རྗེ་དགེ་བ་རྒྱལ་མཚན། མཚུངས་མེད་ཤེས་རབ་ཟླ་བ། རྗེ་བཙུན་ཀུན་སྤངས་ཆེན་པོ་མན་འདྲ། ༈ །དེ་ནས་རྡོ་རྗེའི་ལུས་ལ་གནད་དུ་བསྣུན་པས་ཟུང་འཇུག་གི་གདོད་མའི་མགོན་པོ་སྔོན་དུ་བྱེད་པའི་ཐབས་ཀྱི་གཙོ་བོ་ཞལ་བཞི་པའི་གསང་ཁྲིད་ཟབ་མོ་ཉམས་ཁྲིད་དུ་བསྐྱངས་པ་ནོས་ནས། དེ་དང་འབྲེལ་བའི་ཡིག་ཆའི་ལུང་ཐོབ་པའི་རྣམ་གྲངས་ལ། རྩ་བའི་ཡི་གེ་ཚིགས་བཅད། བརྒྱུད་འདེབས་དང་བཅས་པ་ཚར་ཆེན་གྱིས་མཛད་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་