R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 43
[A:43]འཆང་། ཀླུ་སྒྲུབ། བ་ལིཾ་ཏ་པ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། ཁ་ཆེའི་རིན་ཆེན་གྲགས། རིན་ཆེན་རྡོ་རྗེ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ། ཁ་འུབ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། དམ་པ་ཀུན་དགའ་གྲགས། བླ་མ་བདག་ཉིད་ཆེན་པོ། བླ་མ་དམ་པ། སྔགས་འཆང་གཟུངས་པ། ཆོས་རྗེ་བཟང་པོ་རྒྱལ་མཚན། མཁས་གྲུབ་དགེ་བ་རྒྱལ་མཚན། ཆོས་རྗེ་སངས་རྒྱས་མཆོག་པ། མཚུངས་མེད་སྐྱེས་མཆོག་རྒྱལ་མཚན། ལྕགས་མོ་བཀྲ་ཤིས་སེང་གེ ཚར་ཆེན་ཆོས་ཀྱི་རྒྱལ་པོ་མན་འདྲ། ༈ །གཞན་ཡང་གཉན་མགོན་ཆེན་པོའི་མན་ངག་གི་ཡི་གེ་མང་པོའི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། གཉན་ལོ་ཆེན་པོའི་ཚེའི་རིག་འཛིན་གྲུབ་པའི་ཟབ་ཆོས་བསྲུང་བཟློག་བསད་མནན་ཚེ་སྒྲུབ་དང་བཅས་པའི་ཤོག་རིལ། སྦས་ཏེ་འཛམ་གླིང་དུ་མ་གྲགས་པའི་ཤོག་རིལ། ཞི་བ་ནོར་སྒྲུབ་ཀྱི་ཤོག་རིལ། ནང་ཙིཏྟ་ལ་བརྟེན་ནས་ཞལ་དངོས་སུ་བལྟ་བའི་ཤོག་རིལ། ཕྱི་འགབ་འདྲེ་མནན་པའི་ཤོག་རིལ། ནང་གི་མལ་འོག་ཤོག་རིལ། གསང་བ་རང་སྲོག་རྟེན་གྱི་འཁོར་ལོའི་ཤོག་རིལ། འཁོར་བསྲུང་ཞིང་མི་འཁུ་མི་ལྡོག་པའི་ཤོག་རིལ། ཡུམ་ཆེན་ཁྲོས་མ་ནག་མོའི་ཤོག་རིལ། འཆི་མེད་ཚེ་སྒྲུབ་པའི་ཤོག་རིལ། དགོས་འདོད་ནོར་སྒྲུབ་པའི་ཤོག་རིལ། རྫས་དང་སྲོག་འཁོར་ལ་བརྟེན་ནས་སྐུ་དངོས་སུ་བལྟ་བའི་ཤོག་རིལ་སྙིང་རྒྱ་ཅན། ལྟས་ངན་ཆོ་འཕྲུལ་དབབ་པའི་ཤོག་རིལ། དགྲ་སྲོག་