R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 49
[A:49]ཝ། པཎྜི་ཏ་ཤཱི་ལ་སིངྷ། ཨ་ཙ་ར་གཉན་ཆེན་དཔལ་དབྱངས། ཀ་ཁ་རུ་པ་གཉན་ལོ། གླང་པན་ངག་རོ། རྟོགས་ལྡན་མཚོ་དཀར་བ། སྤྱན་སྔ་བསོད་ནམས་གྲགས། ཆོས་རྗེ་བསོད་ནམས་གྲགས། ཆོས་རྗེ་བསོད་ནམས་བཟང་པོ། མཁན་ཆེན་སེང་གེ་དཔལ། ཆོས་རྗེ་དགེ་བ་རྒྱལ་མཚན། གྲ་ཐང་པ་ཤེས་རབ་ཟླ་བ། རྗེ་བཙུན་རྡོ་རིང་པ། གྲུབ་མཆོག་སྦྱིན་པ་རྒྱ་མཚོ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་མགོན་གདོང་གཉན་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། ཁ་ཆེ་རིན་ཆེན་རྡོ་རྗེ་ཡན་དཀྱུས་བཞིན། དེ་ནས་པཎྜི་ཏ་འབུམ་ཕྲག་གསུམ་པ། གཉན་ལོ། ཁའུ་པ། བླ་མ་ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོ། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན། ཆོས་རྗེ་ས་པཎ། འཕགས་པ་རིན་པོ་ཆེ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ དྷརྨཱ་ཀིརྟི། བློ་བཟང་པ། ཉ་དབོན་པ། བླ་མ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བ། ཕ་བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། ཐུགས་སྲས་ཀུན་དགའ་རྒྱལ་པོ། རྗེ་ཚེ་བཀྲས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་