R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 50
[A:50]ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ དཔལ་མགོན་བརྩེགས་ཞལ་ཅན་གྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ། ཁའུ་པ། ས་སྐྱ་པ་ཆེན་པོ། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་པཎྜི་ཏ། རོང་པ་སྒ་ལོ། སྲས་ཤེས་རབ་སེང་གེ བླ་མ་བསོད་ནམས་ལྷུན་གྲུབ། བླ་མ་ངག་དབང་གྲགས་པ། བླ་མ་དཔལ་ལྡན་ལེགས་དབང་། ཆོས་སྒོ་བ་ཆོས་དཔལ་ཤེས་རབ། ཕ་བྲག་ཐོག་པ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ་མན་སྔར་བཞིན་ནོ། ༈ །དཔལ་མགོན་དཀར་པོ་ཚེ་འཕེལ། སེར་པོ་བསོད་ནམས་སྒྲུབ་པ། དམར་པོ་དབང་སྡུད། སྔོན་པོ་བགེགས་འཇོམས་ཏེ་ལས་བཞིའི་མགོན་པོ་སོ་སོའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་ནས། རི་སུལ་གྱི་རྣལ་འབྱོར་མའི་བར་དཀྱུས་བཞིན། དེ་ནས་གཉན་ལོ། ཁའུ་པ། བླ་མ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། ལོ་ཙཱ་བ་མཆོག་ལྡན། བླ་མ་དཔལ་ལྡན་སེང་གེ ཆོས་རྗེ་དྷརྨ་ཀིརྟི། ཆོས་རྗེ་བླ་བཟང་བ། ཉ་དཔོན་ཀུན་དགའ་དཔལ་བ། བླ་མ་ལུང་རིགས་རྒྱ་མཚོ། མཁན་ཆེན་སེང་གེ་དཔལ་བ། ཕ་བྲག་ཐོག་པ་བསོད་ནམས་བཟང་པོ། ཐམས་ཅད་མཁྱེན་པ་ཀུན་དགའ་རྣམ་རྒྱལ། མུས་ཆེན་རྣམ་རྒྱལ་བཟང་པོ། ཀླུ་དབང་གླིང་པ་ཀུན་དགའ་རྒྱལ་པོ། རྗེ་ཚེ་དབང་བཀྲ་ཤིས། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་བོད་མཁར་བ་བྱམས་པ་དོན་གྲུབ་རྒྱལ་མཚན། སྤྱན་སྔ་ཆོས་རྒྱ་མཚོ། རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་