R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 52
[A:52]དབང་རྒྱལ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། རྗེ་བཙུན་བླ་མ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་སྤྲུལ་པའི་སྐྱེས་མཆོག་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་དེ་ཉིད་ཀྱི་དྲུང་དུ། དཔལ་དུས་ཀྱི་འཁོར་ལོའི་བྱིས་པ་འཇུག་པའི་དབང་བདུན་དབང་གོང་མ་དང་བཅས་པ་ཐོབ་པའི་བརྒྱུད་པ་ས་ལུགས་ནི། དང་པོའི་སངས་རྒྱས། རྡོ་རྗེ་སྙིང་པོ། རྡོ་རྗེ་མཁའ་འགྲོ། ཙི་ལུ་པཎྜི་ཏ། དུས་ཞབས་ཆེ་ཆུང་། མཁས་པ་དཔེ་མེད་མཚོ། སཱ་དྷུ་པུ་ཏྲ་བི་ཁྱ་ཏ་དེ་ཝ།
དྷརྨཱ་ཀ་ར་དང་། དྷརྨཱ་མི་ཏྲ།
པཎ་ཆེན་ཤཱཀྱ་ཤྲཱི། ས་སྐྱ་པཎྜི་ཏ། ཆོས་རྒྱལ་འཕགས་པ། རྒྱུས་པ་གཞོན་སེང་། དོལ་པོ་ཡེ་ཤེས་མགོན་པོ། ཀུན་སྤངས་ཀུན་ཏུ་བཟང་པོ། ཀུན་མཁྱེན་འཕགས་འོད། བུ་སྟོན་རིན་ཆེན་གྲུབ། འགྲོ་མགོན་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ། རུ་པ་ཀ་བཞི་པ། སློབ་དཔོན་བསོད་གྲགས་པ། ཞྭ་ལུ་ལོ་ཆེན། ས་ལོ་འཇམ་པའི་རྡོ་རྗེ། ལོ་ཆེན་རཏྣ་བྷ་དྲ། རྗེ་ཀུན་དགའ་གྲོལ་མཆོག མཁན་ཆེན་ཤེས་རབ་རིན་ཆེན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྭ་ལུགས་ཀྱི་བརྒྱུད་པ་ནི། ཐུབ་དབང་། ཟླ་བཟང་། ལྷ་དབང་གཟི་བརྗིད་ཅན། ཟླ་བའི་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་ཡི་དབང་ལྡན། འཇམ་དཔལ་གྲགས་པ། པདྨ་དཀར་པོ། འཇམ་དབྱངས་སྤྲུལ་པ་ཙི་ལུ་པ་