R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 51
[A:51]གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གནད་དབབ་ཀྱི་མགོན་པོ་གཤིན་རྗེ་གཤེད་ལྟར་སྒྲུབ་པའི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། བ་ལིཾ་ཏ། སངས་རྒྱས་ཡེ་ཤེས་ཞབས། མར་མེ་མཛད་བཟང་པོ། དཔལ་བདེ་བ། བི་མ་ལ་གུཔྟ། རཏྣ་ཀིརྟི། རཏྣ་བཛྲ། རི་སུལ་གྱི་རྣལ་འབྱོར་མ། གཉན་ལོ་དར་མ་གྲགས། གནམ་ཁའུ་པ། རྗེ་ས་ཆེན། སློབ་དཔོན་རིན་པོ་ཆེ། རྗེ་བཙུན་རིན་པོ་ཆེ། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། བྲག་ཕུག་པ། བླ་མ་དམ་པ། མཁན་ཆེན་སེང་གེ་རྒྱལ་མཚན། ཡར་ཀླུང་པ་ཁུ་དབོན། འཇམ་དབྱངས་ནམ་མཁའ་རྒྱལ་མཚན། བདག་ཆེན་རྡོ་རྗེ་འཆང་། རྗེ་བཙུན་རྡོ་རིང་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་མཁྱེན་བརྩེ་དབང་ཕྱུག རྗེ་དབང་ཕྱུག་རབ་བརྟན། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་མགོན་བྲམ་ནག་བཤན་པ་དྲུག་སྐོར་ནག་པོ་དོམ་མཆོང་གི་རྗེས་གནང་། ལས་ཚོགས་ཀྱི་ཡི་གེ རྗེས་གནང་གི་ཡིག་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཀླུ་སྒྲུབ། ཛོ་གི་ཀ་མ་རུ་པ། ཞང་མདོ་སྡེ་དཔལ། འཇམ་སྐྱ་ནམ་མཁའ་དཔལ་ལྡན། བྲང་མོ་ཆེ་པ། རྗེ་བཙུན་རེ་མདའ་བ། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རས་ཆེན་དཔལ་འབྱོར་བཟང་པོ། ཐམས་ཅད་མཁྱེན་པ་རྡོ་རྗེ་གདན་པ། རྒྱ་སྟོན་བྱང་ཆུབ་