R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 54
[A:54]བཟང་། ཤེས་རབ་བཀྲ་ཤིས། བྱམས་པ་ཤཱཀ་འོད། ཆོས་དར་གྲགས་འཕེལ་བ། ལོ་ཆེན་འགྱུར་མེད། རྗེ་ཨ་ཝ་དྷུ་ཏི་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འབྲོ་ལུགས་ཀྱི་བརྒྱུད་པ་ནི། དུས་ཀྱི་འཁོར་ལོ། ཟླ་བཟང་། ལྷ་དབང་། གཟི་བརྗིད་ཅན། ཟླས་བྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷ་ཡི་དབང་ལྡན། རིགས་ལྡན་འཇམ་དཔལ་གྲགས། པདྨ་དཀར་པོ། བཟང་པོ། རྣམ་རྒྱལ། བཤེས་གཉེན་བཟང་། ཕྱག་དམར། ཁྱབ་འཇུག་སྦས་པ། ཉི་མ་གྲགས། ཤིན་ཏུ་བཟང་པོ། རྒྱ་མཚོ་རྣམ་རྒྱལ། རྒྱལ་དཀའ། ཉི་མ། སྣ་ཚོགས་གཟུགས། ཟླ་འོད། མཐའ་ཡས། ས་སྐྱོང་། དཔལ་སྐྱོང་། དུས་ཞབས་གཉིས། ཟླ་མགོན། འབྲོ་སྟོན་ལོ་ཙཱ་དཀོན་མཆོག་བསྲུང་། རྣམ་བརྩེགས། གྲུབ་ཆེན་ཡུ་མོ། དྷརྨེ་ཤྭ་ར། མཁས་པ་ནམ་འོད། གྲུབ་ཐོབ་སེ་མོ་ཆེ།
ག་ག་ན་དྷྭ་ཛ།
འཇམ་གསར། ཆོས་སྐུ་འོད་ཟེར། ཀུན་སྤངས་རྗེ། བྱང་སེམས་རྒྱལ་ཡེ། ཇོ་ནང་ཡོན་རྒྱམ་པ། ཀུན་མཁྱེན་དོལ་བུ་མན་ཆད་གོང་དང་འདྲ། ཡང་ན་བྱང་སེམས་ཡེ་རྒྱལ། འཕགས་པ་འོད།
འདིས་ཆོས་སྐུ་འོད་དང་ཀུན་སྤངས་པ་གཉིས་ལའང་གསན།
ཀུན་མཁྱེན་བུ་སྟོན་མན་ཆད་གོང་བཞིན་ནོ། །ཡང་ན། འཇམ་གསར། རོང་པ་སྒ་ལོ། ཤེས་སེང་། འཕགས་འོད། བུ་སྟོན་མན་ཆད་འདྲ། འབྲོ་ལུགས་ཀྱི་བརྒྱུད་པ་ལུགས་གཅིག་ནི། སེ་མོ་ཆེ་པ། བོ་དོང་རིན་རྩེ་པ། སྟག་སྡེ་སེང་རྒྱལ། གཤོང་སྟོན་སྐུ་མཆེད། ལོ་མཆོག དཔལ་སེང་། བུ་སྟོན་མན་ཆད་འདྲ། ཡང་ན་