[A:55]ལོ་མཆོག སྐྱི་སྟོན་གྲགས་རྒྱལ། ཀུན་མཁྱེན་དོལ་བུ་མན་ཆད་གོང་བཞིན་ནོ། །ཡང་ན་རིན་བརྩེ། འཇིམ་པ་རིན་ཤེ ཡེ་ཤེས་རིན་ཆེན། ཀུན་སྤངས་ལ་སོགས་འདྲ། ཡང་ན་རིན་ཤེ འཇམ་དབྱངས་བཞི་ཐོག་པ། བྱང་སེམས་རྒྱལ་ཡེ་མན་གོང་བཞིན་ནོ། །དེ་ལྟར་བརྒྱུད་པ་ཐམས་ཅད་ཀྱི་ཕྱག་ལེན་ཕྱོགས་ཅིག་ཏུ་དྲིལ་བའི་དབང་རྒྱས་པར་ཐོབ་ནས། དཀྱིལ་འཁོར་ཡོངས་རྫོགས་ཀྱི་སྒྲུབ་ཐབས་དང་། དཀྱིལ་ཆོག་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པ་དང་། དབང་ཆོག་དང་འགྲེལ་ཆེན་དྲི་མེད་འོད་ཀྱི་མདོར་བསྡུས་དང་པོའི་འགྲེལ་པ་ལོ་ཆེན་འགྱུར་མེད་ཀྱིས་མཛད་པའི་ལུང་ཡང་ཐོས་སོ། །མདོ་རྒྱུད་ཐམས་ཅད་ཀྱི་ངེས་དོན་གྱི་སྙིང་པོ་ཟབ་ལམ་རྡོ་རྗེའི་རྣལ་འབྱོར་སྦྱོར་བ་ཡན་ལག་དྲུག་པའི་ཁྲིད་ངེས་དོན་གྱི་དབང་དང་བཅས་པ་ཐོབ་པའི་བརྒྱུད་པ་རྭ་ལུགས་ནི། འོག་མིན་གནས་སུ་ཆོས་སྐུ་རྡོ་རྗེ་འཆང་། །ཆོས་དབྱིངས་ཆེན་པོར་ལོངས་སྐུ་དུས་འཁོར་ལོ། །དྷ་ནྱེ་ཀེ་ཊར་སྤྲུལ་སྐུ་ཤཱཀྱ་ཐུབ། །ཤམྦྷ་ལ་རུ་ཆོས་རྒྱལ་རིགས་ལྡན་རྣམས། །ཨོརྦི་པ་རུ་ཙི་ལུ་པཎྜི་ཏ། །བྷཾ་ག་ལ་རུ་པི་ཏོ་ཨཱ་ཙརྻ། །ཝ་རེནྟྲ་རུ་དུས་ཞབས་ཆེན་པོ་དང་། །མཉྫུ་དེ་ཤར་དུས་འཁོར་ཞབས་གཉིས་པ། །རྒྱ་གར་ཤར་དུ་མཉྫུ་ཀིརྟིའི་ཞབས། །ཡེ་རང་གྲོང་དུ་མནྟ་ཤྲཱི་ཆེ། །མེ་ཏོག་
ནེའུ་
ལྡན་དུ་རྭ་ལོ་ཆོས་རབ་ར་རྡོ་རྗེ་གྲགས་ཀྱི་སྲས།
དང་། །ཁུ་ལུང་སེ་ཁྱིར་ཡེ་ཤེས་སེང་གེ་རྭ།དེའི་སྲས།
།ཁུ་ལུང་ཆོས་ཤིང་དགོན་པར་འབུམ་སེང་ར།དེའི་སྲས།
།དབོན་དམར་དགོན་པར་རྗེ་བཙུན་སྒ་ལོ་དང་།གཙང་རོང་དཀར་ཕུག་གི་མི་ཉག་རྡོ་རྗེ་སེང་གེ དེའི་སྲས་ཡེ་ཤེས་རྡོ་རྗེའི་སྲས་ཏེ་དཔལ་སྒ་ལོའི་སྐྱེ་བ་ཡིན།
།ཤམ་