R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 56
[A:56]འབར་གནས་སུ་ཤེས་རབ་སེང་གེའི་ཞབས།
དེའི་སྲས་རོང་པ།
།དབེན་གནས་ཇོ་མཚོར་ཀུན་མཁྱེན་འཕགས་པ་འོད། །རི་ཕུག་དགོན་པར་མཁན་ཆེན་བུ་སྟོན་རྗེ། །གནས་མཆོག་དེར་བཞུགས་རྗེ་བཙུན་ནམ་མཁའི་མཚན།
སྐུ་ཞང་།
།ཆོས་གྲགས་ཞྭ་ལུར་མཁས་མཆོག་ཙནྡྲ་ཤྲཱི། །བསམ་སྡིང་དགོན་པར་
འཁྲུལ་ཞིག
ཚུལ་ཁྲིམས་རྒྱལ་མཚན་རྗེ།
རི་ཕུག་
།ཤར་ཆེན་གནས་སུ་མཁྱེན་རབ་ཆོས་ཀྱི་རྗེ། །གྲ་ཐང་ཆོས་སྡེར་ལོ་ཆེན་ཆོས་སྐྱོང་བཟང་། །དཔལ་ལྡན་ས་སྐྱར་ས་ལོ་འཇམ་དབྱངས་ཆེ། །སྨན་ལྡིང་གནས་སུ་ལོ་ཆེན་རཏྣའི་མཚན། །ཆོས་ལུང་བྱང་བརྩེར་འཇམ་མགོན་གྲོལ་མཆོག་ཞབས། །ཇོ་གདན་ཚོགས་སུ་མཁན་ཆེན་རིན་ཤེ་བ། །ལོ་ཡི་དགོན་པར་སྤྱན་སྔ་ཀུན་དགའི་མཚན། །དེ་ལས་ཐོབ་པ་སྔགས་འཆང་ཨ་ནནྡ་ལའོ། །ཡང་ན་ཆོས་རབ་ལྷ་རྗེ་དཔལ་རྒྱལ་དང་། །གློ་བོ་ལོ་ཙཱ་དོལ་པོ་ཡེ་ཤེས་མགོན། །ཀུན་སྤངས་ཆེན་པོ་འཕགས་འོད་མན་ཆད་འདྲ། །ཡང་ན་ཀུན་སྤངས་བྱང་སེམས་རྒྱལ་ཡེ་དང་། །མཁས་བཙུན་ཡོན་རྒྱམ་ཀུན་མཁྱེན་དོལ་པོའི་ཞབས། །ཕྱོགས་ལས་རྣམ་རྒྱལ་ཉ་དབོན་ཀུན་དགའ་དཔལ། །གྲུབ་ཆེན་ཀུན་བློ་འཇམ་དབྱངས་དཀོན་མཆོག་བཟང་། །ཞྭ་ལུ་ལོ་ཆེན་མན་ཆད་སྔར་དང་འདྲ། །ཡང་ན་སྒ་ལོ་མན་ལུང་གུ་རུ་དང་།
པུ་ནྱ་ཤྲཱི
།ཤེས་སེང་འཕགས་འོད་བུ་སྟོན་མན་ཆད་འདྲ། །ཡང་ན་མན་ལུང་གུ་རུ་ལོ་གྲགས་པ།
ཡར་ལུང་ལོ་ཙཱ་བ་ཀིརྟི་དྷྭ་ཛ།
།གྲུབ་པ་དཔལ་བཟང་མཁས་བཙུན་ཡོན་རྒྱམ་པ། །ཀུན་མཁྱེན་དོལ་པོ་མན་ཆད་གོང་དང་འདྲ། ༈ །འབྲོ་ལུགས་ཀྱི་བརྒྱུད་པ་ནི། ཆོས་རྒྱལ་རིགས་ལྡན་ཡན་ཆད་རྭ་ལུགས་དང་འདྲ། དེ་ནས། ལྷོ་ཕྱོགས་རྒྱ་མཚོའི་འགྲམ་དུ་དུས་