R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 58
[A:58]འཁོར་བ། ཇོ་ནང་ཀུན་སྤངས་པ་སོགས་སྔར་དང་འདྲ། ཡང་ན། རིན་ཤེ འཇམ་དབྱངས་བཞི་ཐོག་པ། བྱང་ཆུབ་སེམས་དཔའ་རྒྱལ་ཡེ་མན་གོང་བཞིན་ནོ། ༈ །ཉེ་བརྒྱུད་དཔེ་མེད་འཚོ་ནས་བརྒྱུད་པ་ནི། རྡོ་རྗེ་འཆང་ཆེན། གྲུབ་ཆེན་དཔེ་མེད་འཚོ། གྲུབ་ཐོབ་དཔལ་འཛིན། སཱ་དྷུ་པུ་ཏྲ། འོད་བྱེད་ལྷ། ཆོས་འབྱུང་ཞི་བ། གྲུབ་ཐོབ་ཉི་མ་དཔལ། རིན་ཆེན་འཚོ་དང་། པཎ་ཆེན་བི་བྷུ་ཏི། ཡང་ན། ཆོས་འབྱུང་ཞི་བ། གྲགས་པའི་ལྷ། པཎ་ཆེན་ཆོས་ཀྱི་འབངས། བི་བྷུ་ཏི། ཀོ་བྲག་བསོད་རྒྱལ། གཡུང་ཕུག་པ་རྒྱལ་དགེ ལྷོ་པ་ཆོས་ལྡན་གསུམ་ཀས་རྗེས་སུ་བཟུང་བ་གོ་ལུང་གཞོན་ནུ་དཔལ། ཐར་པ་ལོ་ཙ། ཀུན་མཁྱེན་བུ། ལྕེ་བཙུན་ནམ་མཁའ་མན་གོང་དང་འདྲ། ཡང་ན། བི་བྷུ་ཏི། ཨ་མོ་གྷ།
དཔྱལ་པདྨོ་ཅན་པའང་ཟེར།
ཀུན་མཁྱེན་ཆོས་འོད། ཀུན་སྤངས་ཆེན་པོ། བྱང་སེམས་རྒྱལ་ཡེ་མན་རིང་བརྒྱུད་བཞིན། ཡང་ན། བི་བྷུ་ཏི། མར་སྟོན་གཡང་འབར། རྣལ་འབྱོར་སེང་འབུམ། ཀུན་སྤངས་སོགས་འདྲ། ༈ །ས་སྐྱ་པ་ཆེན་པོས་སྒ་ལོ་ལ་གསན་པའི་སྦྱོར་བ་ཡན་ལག་དྲུག་པའི་མན་ངག་གི་བརྒྱུད་པ་ནི། དང་པོའི་སངས་རྒྱས། རིགས་ལྡན། དུས་ཞབས་གཉིས། ཙ་མི། སྒ་ལོ། བླ་མ་ས་ཆེན། རྗེ་བཙུན་བསོད་རྩེ། རྗེ་བཙུན་གྲགས་པ། ཆོས་རྗེ་ས་པཎ། རྒྱུས་པ་གཞོན་སེང་། དོལ་པོ་ཡེ་ཤེས་མགོན། ཀུན་སྤངས་ཆེན་པོ་མན་འདྲ། ཡང་ན། རིགས་ལྡན། སྤྲུལ་པའི་དགེ་སློང་བསོད་སྙོམས་པ། ཕྱོགས་ཀྱི་བྲམ་ཟེ། དྷ་རི་ཀ་པ། དུས་ཞབས་ཆེ་བ། བྷོ་དྷི་བྷ་དྲ། ཙ་མི། སྒ་ལོ། ས་ཆེན་མན་འདྲ། ༈ །ཉེ་བརྒྱུད་པཎ་ཆེན་ཤཱཀྱ་ཤྲཱི་ནས་