R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 59
[A:59]བརྒྱུད་པ་ནི། སངས་རྒྱས། རིགས་གསུམ་མགོན་པོ། དུས་ཞབས་གཉིས། ནཱ་རོ་པ། དཔལ་ལྡན་འཇིགས་མེད་གྲགས། པཎ་ཆེན་ཤཱཀྱ་ཤྲཱི། དཔྱལ་ཆོས་བཟང་། དཔྱལ་ཨ་མོ་གྷ། ཀུན་སྤངས་པ། བྱང་སེམས་རྒྱལ་ཡེ། ཀུན་མཁྱེན་འཕགས་འོད། མཁན་ཆེན་བུ་སྟོན་མན་འདྲ། ཡང་ན་བྱང་སེམས་རྒྱལ་ཡེ། ཇོ་ནང་ཡོན་རྒྱམ། ཀུན་མཁྱེན་དོལ་པོ་མན་སྔར་བཞིན་ནོ། །ས་སྐྱ་པཎྜི་ཏས་ཁ་ཆེ་པཎ་ཆེན་ལ་གསན་པའི་སྲོག་རྩོལ་རྡོ་རྗེའི་སྙན་རྒྱུད་ཀྱི་བརྒྱུད་པ་ནི། སངས་རྒྱས། རིགས་གསུམ་མགོན་པོ། དུས་ཞབས་གཉིས། དཔེ་མེད་འཚོ། འཇིགས་མེད་གྲགས། འབྱུང་གནས་སྦས། རྣམ་གྲགས་ལྷ། དད་བྱེད། ལྷ་དབང་། ཁ་ཆེ་པཎ་ཆེན། ས་སྐྱ་པཎྜི་ཏ། རྒྱུས་པ་གཞོན་སེང་། དོལ་པོ་ཡེ་ཤེས་མགོན། ཀུན་སྤངས་ཆེན་པོ། ཀུན་མཁྱེན་འཕགས་འོད། མཁན་ཆེན་བུ་སྟོན་མན་འདྲ། ཡང་ན་ཀུན་སྤངས། བྱང་སེམས་རྒྱལ་ཡེ། མཁས་བཙུན་པ། ཇོ་ནང་ཡོན་རྒྱམ། ཀུན་མཁྱེན་པ་མན་འདྲ། ༈ །ཤིན་ཏུ་ཉེ་བརྒྱུད་ནི། རྡོ་རྗེ་འཆང་། ཤ་ཝ་རི་དབང་ཕྱུག པཎ་ཆེན། བི་བྷུ་ཏ། ཀོ་བྲག་པ། གོ་ལོང་གཞོན་དཔལ། ཐར་ལོ་ཉི་མ། ཀུན་མཁྱེན་བུ་སྟོན་མན་འདྲ། ཡང་ན། རྡོ་རྗེ་འཆང་། ཤ་ཝ་རི། པཎ་ཆེན་བི་བྷུ་ཏ། ཆོས་སྐུ་འོད། ཀུན་སྤངས་ཞང་། བྱང་སེམས་ཁམས་པ། ཡོན་རྒྱམ་པ། ཀུན་མཁྱེན་པ་སོགས་སྔར་དང་འདྲ། དེ་ལྟར་དངོས་སུ་སྨོས་པའི་བརྒྱུད་པ་དེ་ཐམས་ཅད་དང་། གཞན་ཡང་གྱི་ཇོ། ཙ་མི། སྒ་ལོ། ས་སྐྱ་པ། ཞང་ཚལ་པ། ཇོ་བོ་རྗེ་ནས་བརྒྱུད་པ་ལ་སོགས་པའི་སྦྱོར་དྲུག་གི་མན་ངག་