[A:66]དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །རྗེ་བཙུན་དམ་པ་སངས་རྒྱས་ནས་བརྒྱུད་པའི་ཞི་བྱེད་ཕྱི་མའི་སྐོར་ཐོབ་པ་ལ། དཔལ་ལྡན་བླ་མ་སུམ་ཅུ་རྩ་དྲུག་གི་རྣམ་ཐར། ཀུན་དགའི་ཞུས་ལན་ཉེར་ལྔ། དམ་པའི་དིང་རི་བརྒྱད་ཅུ་མ། དམ་པའི་ཐུགས་ཀྱི་ཞུས་ལན། དམ་པའི་སྐྱེ་བ་དྲུག་པའི་རྣམ་ཐར། ལམ་ལྔ། ལམ་གསུམ། ལམ་གཅིག་རྣམས་ཀྱི་ཁྲིད་ཟབ་མོ་ཉམས་ཁྲིད་དུ་བསྐྱངས་ནས། རྒྱབ་ཆོས་ཀྱི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། ཐུབ་དབང་། འཇམ་དཔལ་སྨྲ་སེང་། ཕ་དམ་པ་ཡབ་སྲས། པ་ཚབ་ཏན་ནེས། ཞིག་པོ་ཉིན་སེང་། འཁྲུལ་ཞིག་དར་སེང་། རྗེ་གཉན་མདོ་པ་ཡབ་སྲས། དཔལ་ཆེན། ཀུན་མཁྱེན་ལྷུན་པ། ཆོས་རྒྱལ་ཤེས་རབ་བཟང་པོ། རྗེ་རོང་སྟོན། གུང་རུ། མཁྱེན་རབ་ཆོས་རྗེ། རྗེ་སྤྱང་ལུགས་པ། རྗེ་བཙུན་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། བསྟན་འཛིན་ངག་དབང་ཉི་མ། གོང་དཀར་བ་རིན་པོ་ཆེ་ཀུན་དགའ་དཔལ་བཟང་། ཆུ་བོ་རི་པ་བསྟན་འཛིན་ཀུན་དགའ་བསོད་ནམས། སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་རྫོགས་རིམ་རྭ་རྩེ་སེམས་འཛིན། མཚན་མོ་རྒྱུ་བ། མཚན་མ་གྱེན་བསྒྲེངས་རྣམས་ཀྱི་ཁྲིད་ཐོབ་པའི་བརྒྱུད་པ་ནི། ཡེ་ཤེས་ཀྱི་མཁའ་འགྲོ་མ། ལ་ལི་ཏ་བཛྲ། འཇམ་དཔལ་བཤེས་གཉེན། གྲུབ་ཆེན་ཨ་མོ་གྷ་བཛྲ། དོན་ཡོད་རྡོ་རྗེ། སྐྱོ་སྟོན་འོད་འབྱུང་། སྐྱོ་སྟོན་སྐུ་མཆེད། ཇོ་སྲས་ཁམས་པ། གཉན་སྟོན་རིན་ཆེན་བསྟན་པ། དེ་