[A:65]ལའོ། ༈ །རས་ཆེན་དཔལ་འབྱོར་བཟང་པོ་ནས་བརྒྱུད་པའི་གཏུམ་མོ་ཞག་བདུན་མའི་ཁྲིད་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། མཁའ་འགྲོ་ནཻ་གུ་མ། རས་ཆེན་དཔལ་འབྱོར་བཟང་པོ། རྣམ་རྒྱལ་མགོན་པོ། གོང་དཀར་བ་བྱང་ཆུབ་དབང་རྒྱལ། ཚེ་དབང་བཀྲ་ཤིས། དཔལ་ལྡན་གྲུབ། རྣམ་རྒྱལ་མཚན་ཅན། ཀུན་དགའ་གཞན་ཕན་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །གྲུབ་ཆེན་ནཱ་རོ་པ་ནས་བརྒྱུད་པའི་རོ་སྙོམས་སྐོར་དྲུག་ཉམས་ཁྲིད་དུ་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཏེ་ལོ་པ། ནཱ་རོ་པཎ་ཆེན། ཏི་ཕུ་གསང་སྔགས་སྡོང་པོ། རས་ཆུང་རྡོ་རྗེ་གྲགས་པ། རྒྱལ་བ་ལོ་དང་གསུམ་པ། གྲུབ་ཐོབ་གླིང་ཆེན་རས་པ། འགྲོ་མགོན་གཙང་པ་རྒྱལ་སྲས། དབོན་སྲས་དར་མ་སེང་གེ ཆོས་རྗེ་གཞོན་ནུ་སེང་གེ བྱང་སེམས་ཉི་མ་སེང་གེ རྒྱལ་སྲས་སེང་གེ་ཤེས་རབ། ཆོས་རྗེ་སེང་གེ་རིན་ཆེན། འཇམ་དབྱངས་ཀུན་དགའ་སེང་གེ སྤོས་སྐྱབས་པ་སེང་གེ་རིན་ཆེན། འཇམ་དབྱངས་བློ་གྲོས་སེང་གེ མཉམ་མེད་མཁྱེན་བརྩེ་རྟོགས་ལྡན། མཁས་གྲུབ་ལེགས་པ་རིན་ཆེན། གྲུབ་ཆེན་བློ་གྲོས་མཆོག་ལྡན། མཚུངས་མེད་རྒྱལ་དབང་ཆོས་རྗེ། ངག་དབང་ཆོས་ཀྱི་རྒྱལ་པོ། འཇམ་དབྱངས་ཆོས་ཀྱི་གྲགས་པ། ཀུན་སྤངས་ཤེས་རབ་རྒྱ་མཚོ། རྒྱལ་སྲས་ངག་གི་དབང་ཕྱུག ཀུན་མཁྱེན་ངག་དབང་ནོར་བུ། དྲན་མཆོག་རིན་ཆེན་དཔལ་བཟང་། དྲིན་ཅན་སངས་རྒྱས་སེར་འོད། མཁས་བཙུན་བསོད་ནམས་རྒྱ་མཚོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་