[A:68]གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཁྲིད་ཡིག་ལོ་ཙཱ་བ་མ་ཎི་ཀ་ཤྲཱིས་མཛད་པ་ཐོས་སོ། ༈ །ཐུགས་རྗེ་ཆེན་པོའི་སྨར་ཁྲིད་ཚེམ་བུ་ལུགས་ཉམས་ཁྲིད་དུ་མནོས་ནས། དེའི་ཁྲིད་ཡིག་རྗེ་ཉིད་ཀྱིས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། ཚེམ་བུ་པ། བྱང་ཆུབ་ཚུལ་ཁྲིམས། ལྷ་བཙུན་དགོན་གསར་བ། ཀུན་སྤངས་ཞང་། གྲགས་པ་སེང་གེ ཐོགས་མེད་བཟང་པོ་དཔལ། གཞོན་ཚུལ་བ། རིན་ཆེན་རྒྱལ་མཚན། རྒྱལ་བ་ཕྱག་ན། བཤེས་གཉེན་བཟང་པོ་དཔལ། ནམ་མཁའ་ཚུལ་ཁྲིམས། ངག་དབང་ལྷུན་བཀྲས། གྲགས་པ་རྒྱལ་མཚན། བཀྲ་ཤིས་རྣམ་རྒྱལ། མཁན་ཆེན་ཀུན་ལེགས་པ་དང་། མཁན་ཆེན་རྣམ་སྲས་བཟང་པོ་དཔལ། དེ་གཉིས་ཀ་ལ་རིན་པོ་ཆེ་ཤེས་རབ་རིན་ཆེན། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་གྲུབ་ཆེན་ཚེམ་བུ་པའི་རྗེས་སུ། བྱང་ཆུབ་འོད། བྲག་དམར་བ། དགོན་གསར་བ། ཀུན་སྤངས་པ། བྱང་སེམས་རྒྱལ་ཡེ། གཞོན་སེང་པ། འཕགས་པ་བསོད་ནམས། ཐེག་ཆེན་རིན་པོ་ཆེ། དཔལ་ལྡན་ལེགས་པ། བདག་ཆེན་རྡོ་རྗེ་འཆང་། རྗེ་རྡོ་རིང་པ། རྗེ་ཀུན་དགའ་ལེགས་པ། ཚར་ཆེན་ཆོས་ཀྱི་རྒྱལ་པོ། རྗེ་མཁྱེན་བརྩེའི་དབང་ཕྱུག རྗེ་བསོད་ནམས་ཆོས་འཕེལ། རྗེ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་བདུད་ཀྱི་གཅོད་