[A:69]ཡུལ་ཟབ་མོ་ནམ་མཁའ་སྒོ་འབྱེད་ཀྱི་བྱིན་རླབས་དང་བཅས་ཐོབ་པའི་བརྒྱུད་པ་ཕོ་བརྒྱུད་ཆེ་བ་ནི། བཅོམ་ལྡན་ཤཱཀྱ་ཐུབ་པ། འཇམ་དཔལ་སྨྲ་བའི་སེང་གེ བྲམ་ཟེ་ཨརྻ་དེ་ཝ། རྗེ་དམ་པ་སངས་རྒྱས། ཕོ་བརྒྱུད་ཆུང་བ་ནི། ཤཱཀྱ་ཐུབ་པ། བྱམས་མགོན། ཐོགས་མེད། དབྱིག་གཉེན། ཨརྻ་དེ་ཝ། དམ་པ་སངས་རྒྱས། མོ་བརྒྱུད་ནི། ཡུམ་ཆེན་མོ། རྗེ་བཙུན་སྒྲོལ་མ། སུ་ཀ་སིདྡྷ། དམ་པ་སངས་རྒྱས། ཡེ་ཤེས་བླ་མ། བསོད་ནམས་བླ་མ། མ་ཅིག་ལབ་སྒྲོན། ཐོད་སྨྱོན་བསམ་འགྲུབ། ཁུ་ཁོམ་ཆོས་བཟང་། རྒྱལ་བ་དོན་གྲུབ། རྒྱ་ནག་གཅེར་བུ། དོལ་པ་ཟངས་ཐལ། རྒྱ་སྒོ་རི་པ། སངས་རྒྱས་རས་སྒོམ། ཆོས་ཀྱི་བཤེས་གཉེན། ལྷ་སྟོན་ཞིག་པོ། བསོད་ནམས་རྒྱལ་མཚན། རྒྱལ་མཚན་དཔལ་བཟང་། བསོད་ནམས་བརྟན་པ། རྡོ་རྗེ་བསོད་ནམས། འགྲོ་སྒོམ་ནམ་དཔལ། ནམ་མཁའི་རྣལ་འབྱོར། སེམས་དཔའ་ཆེན་པོ་དཀོན་མཆོག་རྒྱལ་མཚན། ཀུན་མཁྱེན་བསོད་ནམས་སེང་གེ པཎ་ཆེན་དབང་ཕྱུག་གྲུབ་པ། ཚུལ་ཁྲིམས་བཟང་པོ། ཆོས་གྲགས་རྒྱ་མཚོ། སྐལ་ལྡན་རབ་དབྱངས། བློ་གྲོས་འབྱུང་གནས། ཆོས་འོད་ཟེར། སྙིང་རྗེ་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་ན་དོལ་པ་ཟངས་ཐལ་གྱི་རྗེས་སུ། སངས་རྒྱས་རབ་སྟོན། སངས་རྒྱས་དགེ་སློང་། སུམ་པ་རལ་པ། སངས་རྒྱས་སྟོན་པ། མཁས་གྲུབ་ཆོས་རྗེ། རིན་པོ་ཆེ་བསོད་ནམས་གྲགས་པ། བྱ་བྲལ་ཆོས་རྗེ་རིན་ཚུལ་བ། འཁྲུལ་ཞིག་ཚུལ་