R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 73
[A:73]པའི་དཔའ་བོ་དཔལ་ལྡན་ཀུན་དགའ་གྲོལ་མཆོག་བློ་གསལ་རྒྱ་མཚོའི་སྡེ་དེ་ཉིད་ཀྱིས་བསྟན་པའི་ཁུར་ཆེན་པོ་བཞེས་ཏེ། དབང་བརྒྱ། ཁྲིད་བརྒྱ། མགོན་བརྒྱ་སོགས་གསན་པ་རྒྱ་མཚོའི་ཕ་མཐར་སོན་པ་བསྟན་པའི་མིག་རྐྱེན་ལ་ཕན་པ་མཛད་ནས། མ་འོངས་པའི་གདུལ་བྱ་རྣམས་དང་སངས་རྒྱས་ཀྱི་བསྟན་པའི་རྒྱུན་ལ་དགོངས་ཏེ་ཁྲིད་བརྒྱ་ཡོངས་རྫོགས་ཀྱི་རྒྱུན་མི་ཉམས་པའི་ཕྱིར། དེ་དག་གི་སྙིང་པོ་བསྡུས་པའི་ཁྲིད་ཡིག་སྔོན་འགྲོ་དངོས་གཞི་སོ་སོ་དང་བཅས་པ་དང་། ཁྲིད་བརྒྱ་བརྒྱུད་པའི་གསོལ་འདེབས། ཁྲིད་བརྒྱའི་མཚན་ཐོ། ཁྲིད་བརྒྱའི་ལོ་རྒྱུས། ཁྲིད་བརྒྱའི་སྤྱི་ཆིངས་སོགས་གསུང་རབ་ངོ་མཚར་ཅན་མང་དུ་མཛད་པ་དེ་དག་གི་ཡིག་ཆའི་སྟེང་ནས་ས་སྐྱ་པའི་ཡབ་ཆོས་རྣམས་ཉམས་ཁྲིད་དང་། གཞན་རྣམས་ལུང་ཁྲིད་ཀྱི་ཚུལ་དུ་ཡོངས་རྫོགས་མནོས་པའི་ཁྲིད་ཀྱི་རྣམ་གྲངས་ལ། ཁྲིད་དང་པོ་ཞེན་པ་བཞི་བྲལ། ཁྲིད་གཉིས་པ་ཐེག་ཆེན་བློ་སྦྱོང་། ཁྲིད་གསུམ་པ་རྟེན་འབྲེལ་སྙིང་པོ། ཁྲིད་བཞི་པ་སྐྱིད་སྡུག་ལམ་ཁྱེར། ཁྲིད་ལྔ་པ་སུམ་པ་ལོ་ཙཱ་བའི་བློ་སྦྱོང་། ཁྲིད་དྲུག་པ་མ་གཅིག་གི་དོན་ཁྲིད་ཡིད་བཞིན་ནོར་བུ། ཁྲིད་བདུན་པ་སྙིང་པོ་དོན་གསུམ། ཁྲིད་བརྒྱད་པ་སེམས་ཉིད་ངལ་གསོ། ཁྲིད་དགུ་པ་བཀའ་གདམས་སྐྱེས་བུ་གསུམ་གྱི་ལམ་རིམ། ཁྲིད་བཅུ་པ་བསྟན་རིམ་ཆེན་མོ། ཁྲིད་བཅུ་གཅིག་པ་སྲིད་ཞི་མཉམ་ཉིད། ཁྲིད་བཅུ་གཉིས་པ་དབུ་མ་ཆེན་མོ། ཁྲིད་བཅུ་གསུམ་པ་བཀའ་གདམས་ལྐོག་ཁྲིད། ཁྲིད་བཅུ་གཅིག་པ་བཀའ་གདམས་ལྷ་བཞིའི་ཐུབ་པའི་ཁྲིད། ཁྲིད་བཅོ་ལྔ་པ་སྤྱན་རས་གཟིགས་སྙིང་རྗེ་མཁའ་ཁྱབ། ཁྲིད་བཅུ་དྲུག་པ་མི་