[A:72]རྗེ། རྒྱལ་བ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། ཡར་ཀླུང་པ་སེང་གེ་རྒྱལ་མཚན། མཁན་ཆེན་རྒྱལ་མཆོག འཇམ་དབྱངས་ནམ་མཁའི་མཚན་ཅན། བདག་ཆེན་བློ་གྲོས་རྒྱལ་མཚན། རྗེ་བཙུན་རྡོ་རིང་པ། ཚར་ཆེན་བློ་གསལ་རྒྱ་མཚོ། རྗེ་བཙུན་མཁྱེན་བརྩེའི་དབང་ཕྱུག རིན་པོ་ཆེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། རྗེ་སྙིང་རྗེ་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡེ་ཤེས་ཀྱི་མཁའ་འགྲོ་མ་སུ་ཀ་སིདྡྷིའི་ཆོས་དྲུག་ཡོངས་སུ་རྫོགས་པ་ཉམས་ཁྲིད་དུ་མནོས་ནས་དེའི་ཡིག་ཆ་ཞྭ་ལུ་མཁྱེན་རབ་ཆོས་རྗེས་མཛད་པ་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། སུ་ཀ་མ། ཁྱུང་པོ་རྣལ་འབྱོར། རྨོག་ཅོག་པ། སྐྱེར་སྒང་པ། གཉན་སྟོན་པ། ཆོས་རྗེ་སྟོན་པ་སྟེ་བརྒྱུད་པ་རིན་ཆེན་སྣ་བདུན་དང་། དེ་ནས་ཤང་སྟོན་པ། རྒྱལ་མཚན་འབུམ། འཇག་ཆེན་བྱམས་པ་དཔལ། ཆོས་འབྱུང་རིན་པོ་ཆེ་ཀུན་དགའི་མཚན་ཅན། ཤེས་རབ་བཟང་པོ། དོན་ཡོད་རྒྱལ་མཚན། མཁྱེན་རབ་ཡོན་ཏན་དཔལ་འབྱུང་། ཞིག་པོ་བཀྲ་ཤིས་དོན་གྲུབ། བྱམས་པ་ཆོས་ཀྱི་ཉི་མ། སྤྱན་སྔ་ངག་དབང་ཆོས་གྲགས། རྗེ་ཀུན་དགའ་ཆོས་གྲགས། བླ་མ་ནམ་མཁའ་ཆོས་དར། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །འཕགས་ཡུལ་གྲུབ་པའི་སློབ་དཔོན་སྤྱོད་པའི་རྡོ་རྗེ་དེ་ཉིད་གངས་རིའི་ལྗོངས་འདིར་འགྲོ་བའི་དོན་དུ་སྤྲུལ་པའི་སྐུར་བསམ་བཞིན་དུ་བྱོན་པ། འཇམ་མགོན་གྲུབ་