R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 77
[A:77]རྫོགས་པའི་ཁྲིད་དང་འདི་སྐོར་གྱི་ཡིག་ཆ་གོང་དུ་བཀོད་པ་ལྟར་གྱི། རྗེ་གྲོལ་མཆོག་ཞབས་ཀྱིས་མཛད་པ་སོ་སོའི་ལུང་དང་བཅས་པ་ཐོབ་པའི་བརྒྱུད་པ་ནི། རྗེ་གྲོལ་མཆོག་ཞབས་ཡན་བརྒྱུད་འདེབས་སོ་སོའི་ནང་བཞིན་ལས། དེ་ནས་རྗེ་བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། རྗེ་རིན་པོ་ཆེ་ལྕགས་ཟམ་པ་ངག་དབང་ཉི་མ། གོང་དཀར་བ་རིན་པོ་ཆེ་ཀུན་དགའ་དཔལ་བཟང་། ཆུ་བོ་རི་པ་བསྟན་འཛིན་ཀུན་དགའ་བསོད་ནམས། སྤྲུལ་པའི་སྐུ་ལོ་ནས་སྤྱན་སྔ་རིན་ཆེན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་དེ་ཉིད་ཀྱི་དྲུང་དུ། ལམ་སྐོར་ཕྱི་མ་བརྒྱད་ཀྱི་ཁྲིད་ཐོབ་པ་ལས། ཏོག་རྩེ་པའི་བསམ་མི་ཁྱབ་ཀྱི་མན་ངག་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྟ་མཆོག
མདའ་ཅན།
བཱི་ཎ་ས།
པི་ཝཾ་འཛིན།
རྒྱལ་པོ་ཨིནྡྲ་བྷུ་དྷི། ཕུན་ཚོགས་ཞབས། གྲུབ་པའི་སྒེག་པའི་རྡོ་རྗེ། གུནྡྷ་རི་པ། པདྨ་བཛྲ། ཆོས་ཀྱི་བ། བཟང་པོའི་ཞབས། རྟོག་རྩེ་པ། བྷུ་ཥ་ཎ། དྷ་མ་པ། ཀ་ཧྣ། དཔའ་བོ་རྡོ་རྗེ། འབྲོག་མི། སེ་སྟོན། ཞང་དགོན་པ་བ། ས་ཆེན། བསོད་རྩེ། རྗེ་བཙུན། ས་པཎ། འཕགས་པ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བླ་མ་དམ་པ་བསོད་ནམས་རྒྱལ་མཚན། བླ་མ་དཔལ་ཚུལ། གྲུབ་ཆེན་བུདྡྷ་ཤྲཱི། ངོར་ཆེན་ཀུན་བཟང་། མུས་ཆེན་དཀོན་རྒྱལ། ཞྭ་ལུ་པ་ཆོས་རྗེ་སངས་རྒྱས་དཔལ་བཟང་། མུས་ཆེན་ནམ་མཁའ་དཔལ་བཟང་། རྗེ་དཀོན་མཆོག་ལྷུན་གྲུབ། ཐར་རྩེ་པ་ནམ་མཁའ་དཔལ་བཟང་། རྩེ་གདོང་བདག་ཆེན་ཀུན་དགའ་བསོད་