R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 78
[A:78]ནམས་ལྷུན་གྲུབ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་ངོར་ཆེན་ཀུན་བཟང་། མཁས་མཆོག་དཀོན་བློ། མཁས་བཙུན་དཔལ་ལྡན་རྒྱལ་པོ། རྗེ་ནམ་མཁའི་མཚན་ཅན། རྗེ་དཀོན་མཆོག་ལྷུན་གྲུབ་མན་འདྲ། ༈ །བསམ་མི་ཁྱབ་ཀྱི་བྱིན་རླབས་ཀྱི་བརྒྱུད་པ་ནི། ས་སྐྱ་པཎ་ཆེན། འོད་ཤཱཀ ལ་རུ་པ་ཡེ་ཤེས་མགོན། བག་སྟོན། གཞོན་ཚུལ། ཚུལ་བ། བླ་མ་དཔལ་ལྡན་ཚུལ་ཁྲིམས་པ་མན་གོང་དང་འདྲ། ༈ །ཕྱག་རྒྱ་ཆེན་པོ་ཡི་གེ་མེད་ཀྱི་བྱིན་རླབས་གདམས་ངག་གི་བརྒྱུད་པ་ནི། རྗེ་བཙུན་མ་སྒྲོལ་མ། སློབ་དཔོན་ངག་གི་དབང་ཕྱུག་གྲགས་པ། དེ་ཝ་ཨ་ཀར་ཙནྡྲ། དེ་གཉིས་ཀ་ལ་ཇོ་བོ་ཨ་མོ་གྷ་བཛྲ་གྱིས་གསན། དེ་ལ་འབྲོག་མིས་གསན། བླ་མ་སེ་མཁར་ཆུང་བ་མན་གོང་དང་འདྲའོ། ༈ །མཆོད་རྟེན་དྲུང་ཐོབ་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ་པ། འཕགས་པ་ཀླུ་སྒྲུབ། ཨརྻ་དེ་ཝ། དགེ་སློང་ནག་པོ་ཞབས། ཟླ་བ་གྲགས་པ། བྲམ་ཟེ་དཔལ་འཛིན།
མ་ཧེའི་དབུ་ཅན།
དཔའ་བོ་རྡོ་རྗེ། འབྲོག་མི་མན་གོང་དང་འདྲའོ། །གཏུམ་མོ་ལམ་རྫོགས་ཀྱི་བརྒྱུད་པ་ནི། རྡོ་རྗེ་འཆང་། རྡོ་རྗེ་རྣལ་འབྱོར་མ། སློབ་དཔོན་དྲིལ་བུ་པ། རུས་སྦལ་ཞབས་ཅན། ཛ་ལནྡྷ་ར་པ། ནག་པོ་སྤྱོད་པ། ཤྲཱི་དྷ་ར། ག་ཡ་དྷ་ར། འབྲོག་མི་མན་འདྲའོ། ༈ །ཡོན་པོ་བསྲོང་པའི་བརྒྱུད་པ་ཡང་དེ་དང་འདྲའོ། ༈ །ཨིནྡྲ་བྷུ་དྷིའི་ལམ་གྱི་བརྒྱུད་པ་ནི། དང་པོ། དཔལ་ལྡན་སྡེ་ཡི་ཞལ་སྔ་ནས།
ཨིནྡྲ་བྷུ་དྷི་ཆེ་བ།
།དེ་བཞིན་དུ་ཡང་ཚངས་པའི་ཞབས།
དྲང་སྲོང་གཟུགས།
།བྲམ་ཟེ་མོ་
རྣལ་འབྱོར་