R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 6
[A:6]དགའ་བསོད་ནམས་ལའོ། ༈ །ཡང་དྭགས་པོ་བཀྲས་རྣམ་པ་ཡན་གོང་དང་འདྲ་བ་ལས། དེའི་རྗེས་སུ་ཆོས་རྗེ་ཀརྨ་འཕྲིན་ལས། རྗེ་ཚར་ཆེན། རྗེ་མཁྱེན་བརྩེ་བ། རྗེ་བསོད་ནམས་ཆོས་འཕེལ། མཁན་ཆེན་ངག་དབང་ཆོས་གྲགས། རྒྱལ་བའི་སྲས་པོ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཡང་འདིའི་བརྒྱུད་པ་ལུགས་གཅིག་ནི། རྗེ་བཙུན་མ། ངག་དབང་གྲགས་པ། རྡོ་རྗེ་གདན་པ། གཉན་ལོ་ཙཱ་བ། གནམ་ཁ་འུབ་པ། ས་སྐྱ་པ་ཆེན་པོ། རྗེ་བཙུན་རིན་པོ་ཆེ། ཆོས་རྗེ་ས་པཎ། བླ་མ་ཆོས་ཀྱི་རྒྱལ་པོ་སོགས་ནས་རིམ་པར་བརྒྱུད་པ་དང་། ཡང་བརྒྱུད་པ་ལུགས་གཅིག་ནི། ཐུབ་དབང་། རྗེ་བཙུན་སྒྲོལ་མ། སློབ་དཔོན་ངག་དབང་གྲགས་པ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། བླ་མ་སླེ་ནག་པ་མན་གོང་དུ་བཤད་པ་དང་འདྲ། ཡང་བརྒྱུད་པ་ལུགས་གཅིག་ནི། རྗེ་བཙུན་སྒྲོལ་མ། པཎྜི་ཏ་ཤཱཀྱ་ཤྲཱི། ལྷ་བྲག་པ་བྱང་ཆུབ་དཔལ། མཁན་ཆེན་བདེ་བ་དཔལ། ཀ་བཞི་པ་གྲགས་པ་གཞོན་ནུ། རིན་པོ་ཆེ་བསོད་ནམས་གྲགས་པ། ཆོས་རྗེ་བླ་མ་དམ་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཆོས་རྗེ་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། པཎྜི་ཏ་གྲགས་པ་རྒྱལ་མཚན། མཁན་ཆེན་ལེགས་པའི་འབྱུང་གནས། ས་ལོ་འཇམ་པའི་རྡོ་རྗེ། སྔགས་འཆང་ཆོས་ཀྱི་རྒྱལ་པོ་ངག་དབང་ཀུན་དགའ་རིན་ཆེན། གྲུབ་མཆོག་བསོད་ནམས་དབང་པོ། རྒྱལ་བའི་སྲས་པོ་སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །ཚེ་དབང་ཉེ་བརྒྱུད་འཆི་མེད་དཔལ་སྟེར་དུ་གྲགས་པ་ཐོབ་པའི་བརྒྱུད་པ་ནི། སྣང་བ་མཐའ་ཡས། ཚེ་དཔག་མེད། རྟ་མགྲིན། གྲུབ་ཆེན་ཐང་སྟོང་རྒྱལ་པོ། རྗེ་བཙུན་རྡོ་རིང་པ་ཆེན་པོ། རྗེ་ཀུན་དགའ་གྲོལ་མཆོག བསྟན་འཛིན་ངག་དབང་ཉི་ཟླ་བཟང་པོ། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། རྒྱལ་བའི་