R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 7
[A:7]སྲས་པོ་སྤྱན་སྔ་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །དབུ་མ་ལུགས་ཀྱི་སེམས་བསྐྱེད་ཐོབ་པའི་བརྒྱུད་པ་ནི། ཐུབ་པའི་དབང་པོ། འཇམ་དབྱངས། ཀླུ་སྒྲུབ། འཕགས་པ་ལྷ། ཟླ་བ་གྲགས་པ། སློབ་པའི་རྡོ་རྗེ། སློབ་དཔོན་ཛེ་ཏ་རི། རྡོ་རྗེ་གདན་པ་ཆེ་ཆུང་། པཎྜི་ཏ་པུ་ཎྱ་ཤྲཱི། བ་རི་ལོ་ཙཱ་བ། བླ་མ་ས་སྐྱ་པ། རྗེ་བཙུན་སྐུ་མཆེད། ས་པཎ། འཕགས་པ། ཨེ་པ་འཇམ་དབྱངས་འཁོན་སྟོན། བྱང་སེམས་རིན་ཆེན་མགོན། ཆོས་རྗེ་རྒྱལ་སྲས་པ། ཆོས་རྗེ་ཚུལ་ཁྲིམས་དཔལ་བ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག རི་པ་དཔལ་ལྡན་གྲགས་པ། མཁན་ཆེན་གྲགས་པ་རྒྱ་མཚོ། མཁན་ཆེན་རིན་ཆེན་གྲགས་པ། མཁན་ཆེན་སངས་རྒྱས་བཀྲ་ཤིས། མཁན་ཆེན་དབང་ཕྱུག་དཔལ་བཟང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན་འཕགས་པ་རིན་པོ་ཆེ། སྒྲོ་མོན་ཅན་པ་རིན་ཆེན་དཔལ་བཟང་། བྱང་སེམས་རིན་ཆེན་མགོན་པོ་མན་འདྲ། ཡང་ན་ས་པཎ། བོ་དོང་བརྩོན་འགྲུས་རྡོ་རྗེ། ཁྲོ་ཕུ་བསོད་ནམས་སེང་གེ བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་སྲས་རིན་པོ་ཆེ་མན་འདྲ། ༈ །ཚེ་དཔག་མེད་འཆི་མེད་རྔ་སྒྲ་ལྷ་དགུའི་དཀྱིལ་འཁོར་དུ་དབང་བསྐུར་བ་ཐོབ་པའི་བརྒྱུད་པ་ནི། ཚེ་དཔག་མེད། སློབ་དཔོན་སྙིང་པོ་ཞི་བ། ཛེ་ཏ་རི། གྷོ་དྷི་བྷ་དྲ། ས་མ་ཏི་བྷོ་ཊ། རྡོ་རྗེ་གདན་པ། བ་རི་ལོ་ཙཱ་བ། འཆིམས་བརྩོན་འགྲུས་སེང་གེ རྒྱ་ཞང་ཕུག་