[A:80]མ། ཌོམྦྷི་པ། ཨ་ལ་ལ་བཛྲ། ནགས་ཁྲོད་པ། གརྦྷ་རི་པ། བསོད་སྙོམས་པ། མི་ཐུབ་ཟླ་བ། དཔའ་བོ་རྡོ་རྗེ། འབྲོག་མི་མན་སྔར་དང་འདྲའོ། །ལམ་སྐོར་བརྒྱད་ཀྱི་ཁྲིད་ཡིག་ས་སྐྱ་པ་གོང་མས་མཛད་པ་རྣམས་དང་། བསམ་མི་ཁྱབ་ཀྱི་རྒྱ་གཞུང་། རྗེ་བཙུན་གྱིས་མཛད་པའི་མཆན་བུ་ས་བཅད་དང་བཅས་པ། མར་མེའི་རྩེ་མོའི་རྒྱ་གཞུང་། ལྷན་ཅིག་སྐྱེས་གྲུབ་ཀྱི་རྒྱ་གཞུང་། བསམ་མི་ཁྱབ་ཀྱི་བྱིན་རླབས་བྱ་ཚུལ་འཁོན་དཀོན་མཆོག་རྒྱལ་པོས་མཛད་པ། དེའི་ལོ་རྒྱུས། ལམ་སྐོར་དགུའི་བརྒྱུད་པའི་གསོལ་འདེབས། བླ་མ་རྡོ་རྗེ་འཆང་ཆེན་པོས་མཛད་པ་རྣམས་ཐོས་སོ། ༈ །ས་སྐྱ་པའི་ཡབ་ཆོས་འཁོར་ལོ་བདེ་མཆོག་གི་རྒྱུད་བཤད་ཀྱི་དུས་སུ་བསྟན་པའི་རྒྱུན་མི་ཉམས་པའི་ཕྱིར། བླ་མ་གོང་མ་རྣམས་ཀྱིས་སྦྱར་ནས་མཛད་པའི་རིན་ཆེན་བཞིའི་སྔགས་བཏུ་དང་། ཞལ་བཞི་པའི་སྔགས་བཏུའི་བྱིན་རླབས། གོ་ཆའི་དཔའ་བོ་དང་དཔའ་མོ་དྲུག་གི་བྱིན་རླབས་རྣམས་རྗེ་བླ་མ་མུས་པ་ཆེན་པོའི་བཀའ་བཞིན་དོན་གཉེར་གཞན་ལས་ཆེས་ཆེ་བར་བགྱིས་ནས། དུས་ཕྱིས་ཐོབ་པའི་བརྒྱུད་པ་ནི། རྡོ་རྗེ་འཆང་། ཕྱག་ན་རྡོ་རྗེ། ས་ར་ཧ། ཀླུ་སྒྲུབ། ཤ་བ་རི། ལཱུ་ཧི་པ། དྷ་རི་ཀ་པ། གནྡྷ་ར་པ། རུས་སྦལ་ཞབས། ཛ་ལནྡྷ་རི་པ། ཀརྞ་པ། གུ་ཧྱ་པ། རྣམ་རྒྱལ་ཞབས། བར་མའི་སློབ་དཔོན་ཏེ་ལོ་པ། ནཱ་རོ་པ། ཕམ་ཐིང་པ་སྐུ་མཆེད། ཀློག་ཀྱ་བ། མལ་ལོ། ས་ཆེན། རྩེ་མོ། རྗེ་བཙུན་པ། ས་པཎ། ཁང་སྟོན་འོད་ཟེར་རྒྱལ་མཚན། བླ་མ་དགེ་སློང་ཆེན་པོ། མཁན་པོ་རྒྱལ་བཟང་དཔལ། མཁན་ཆེན་གྲགས་པ་དཔལ། ས་བཟང་པཎ་ཆེན། ས་བཟང་འཕགས་