R384: ཆོས་ཀྱི་རྗེ་དཔལ་ལྡན་བླ་མ་དམ་པ་རྣམས་ལས་དམ་པའི་ཆོས་ཇི་ལྟར་ཐོབ་པའི་ཚུལ་ལེགས་པར་བཤད་པ་ཟབ་རྒྱས་ཆོས་ཀུན་གསལ་བའི་ཉིན་བྱེད་ལས་ སྤྲུལ་པའི་སྐུ་སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་གྱིས་རྗེས་སུ་བཟུང་བའི་ཚུལ་གྱི་སརྒ

  • Pagination (Witness A): 81
[A:81]པ། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མཁས་གྲུབ་དཔལ་ལྡན་རྡོ་རྗེ། ཆོས་རྗེ་དཔལ་ལྡན་རྒྱལ་པོ། པཎ་ཆེན་ནམ་མཁའ་དབང་ཕྱུག ཞེ་དགོན་པ་ཆོས་རྒྱལ་མཚན། སྨན་གུར་བ་རྗེ་བསོད་ནམས་སངས་རྒྱས། བྷཀྵུ་པཎྜེ་པ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །ཡང་ན། ཆོས་རྗེ་ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། ཞང་དཀོན་མཆོག་དཔལ། ན་བཟའ་བྲག་ཕུག་པ། བློ་གྲོས་བརྟན་པ། བླ་མ་དཔལ་ལྡན་ཚུལ་ཁྲིམས། ཤར་ཆེན་ཡེ་ཤེས་རྒྱལ་མཚན། རྡོ་རྗེ་འཆང་ཀུན་དགའ་བཟང་པོ། མུས་ཆེན་སེམས་དཔའ་ཆེན་པོ། ཆོས་རྗེ་དཔལ་ལྡན་རྒྱལ་པོ། པཎ་ཆེན་ནམ་མཁའ་དབང་ཕྱུག་མན་འདྲ། གཏེར་སྟོན་ཆེན་པོ་པདྨ་གླིང་པས་སྤྱན་དྲངས་པའི་གུ་རུ་དྲག་དམར་གྱི་དབང་སྔོན་དུ་འགྲོ་བའི་སྒོ་ནས་དེ་དང་འབྲེལ་བའི་གཏེར་ཆོས་ཀྱི་ལུང་ཐོབ་པའི་ཆོས་ཀྱི་རྣམ་གྲངས་ལ། གུ་རུ་དྲག་པོའི་ལོ་རྒྱུས། གུ་རུ་དྲག་པོའི་ཐུགས་དམ་བསྐང་པའི་ཆོ་ག དྲག་པོ་གསུམ་དྲིལ་གྱི་བཀའ་གཏད་བྱེད་ལུགས། གུ་རུ་དྲག་པོའི་ཐེམ་བྱང་། གུ་རུའི་ལོ་རྒྱུས་ཆེན་མོ། ༡ ཕྱི་སྒྲུབ་ཡོན་ཏན་ཀུན་འབྱུང་། ༢ ནང་སྒྲུབ་ཡིད་བཞིན་ནོར་བུ། ༣ གསང་སྒྲུབ་རེག་ཆོག་སྤུ་གྲི། ༤ ཡང་གསང་རྐྱང་སྒྲུབ་རྩ་བ། ༥ ཚེ་དཔག་མེད་ཀྱི་སྒོས་སྒྲུབ། ༦ འཇམ་དཔལ་སྐུའི་སྒོས་སྒྲུབ། ༧ རྟ་མགྲིན་གསུང་གི་སྒོས་སྒྲུབ། ༨ ཕྱག་རྡོར་ཐུགས་ཀྱི་སྒོས་སྒྲུབ། ༩ མཁའ་འགྲོ་སྡེ་ལྔ་ཡོན་ཏན་གྱི་སྒོས་སྒྲུབ། ༡༠ འཕྲིན་ལས་དབལ་གྱི་སྒོས་སྒྲུབ། ༡༡ ཁྱུང་གི་སྒོས་སྒྲུབ། ༡༢ སྡིག་