[A:85]དཀར་སྨན་བླ་བ། ཇོ་སྲས་དཀོན་མཆོག་གཞོན་ནུ། མགར་བཙུན་ཚུལ་སྟོན། མཁས་གྲུབ་ཆོས་དཔལ་བ། ཆོས་རྗེ་སངས་རིན། འགོས་གཞོན་ནུའི་མཚན་ཅན། རྗེ་ནམ་མཁའ་ཤེས་རབ། རིག་འཛིན་ཆེན་པོ་ཉི་ཟླ་འོད་ཟེར། རྗེ་རྣམ་རྒྱལ་དཔལ་བཟང་། ཆོས་ཀྱི་རྒྱལ་པོ་ངག་དབང་རྣམ་རྒྱལ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། །འདིའི་སྒྲུབ་ཐབས་གཏོར་ཆོག་རྗེས་གནང་རྣམས་ཀྱི་ཡི་གེ་རྙིང་མའི་ལུང་ཡང་ཐོས། ༈ །ཞང་བློན་གསང་སྒྲུབ་ཀྱི་རྗེས་གནང་ཐོབ་པའི་བརྒྱུད་པ་ནི། རྗེ་ཉི་ཟླ་འོད་ཟེར་ཡན་ཕྱི་སྒྲུབ་དང་འདྲ་བ་ལས། དེ་ནས་ཆོས་རྒྱལ་དབང་པོའི་སྡེ། རིག་འཛིན་ངག་གི་དབང་པོ། ཀུན་དགའ་གཞན་ཕན་བཟང་པོ། སྤྱན་སྔ་ཆོས་ཀྱི་སྤྱན་ལྡན་ཀུན་དགའ་དོན་གྲུབ། དེས་བདག་ས་སྐྱ་པ་ངག་དབང་ཀུན་དགའ་བསོད་ནམས་ལའོ། ༈ །སངས་རྒྱས་ཀླུ་དབང་གི་རྒྱལ་པོའི་རྗེས་གནང་དང་། དེའི་སྒྲུབ་ཐབས་རྒྱ་གཞུང་ཀླུ་སྒྲུབ་ཀྱིས་མཛད་པ་དང་། བོད་གཞུང་བཅོམ་ལྡན་རིག་རལ་གྱིས་མཛད་པ་དང་། རྗེ་ཉིད་ཀྱིས་མཛད་པའི་ལུང་དང་བཅས་ཐོབ་པའི་བརྒྱུད་པ་ནི། སངས་རྒྱས་ཀླུའི་དབང་པོ། ཀླུ་སྒྲུབ། དཔལ་ལྡན་ཨ་ཏི་ཤ འབྲོམ་སྟོན། པོ་ཏོ་བ། ཤ་ར་བ། གཏུམ་སྟོན་བློ་གྲོས་གྲགས། ཞང་སྟོན་རྡོ་རྗེ་འོད་ཟེར། གྲོ་སྟོན་ཤེས་རབ་གྲགས། འཆིམ་ནམ་མཁའ་གྲགས། བཅོམ་ལྡན་རལ་གྲི། དཔལ་སྡིང་པ། འདུལ་འཛིན་གྲགས་པ་དཔལ། མངའ་རིས་པ་བླ་མ་རྒྱ་གར། རྒྱལ་མཚན། བླ་མ་སེང་གེ་རྒྱལ་མཚན། རོང་སྟོན་ཐམས་ཅད་མཁྱེན་པ། འདིའི་བར་མ་